བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར།
མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དུས་བདེ་མཉམ་དུ་གཏོད་པ།
འདི་ནི་མེ་ཟོན་བཀོད་འཐབ་པས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོར་མེ་ཟོན་སྒྲིག་བཀོད་ཡོ་བྱད་སྤྱོད་སྟངས་ལ་འགྲེལ་བཤད་རྒྱག་བཞིན་པ།
འདི་ནི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོས་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་ལས་ཀ་བྱེད་ས་དང་འཚོ་བ་སྐྱེལ་སར་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས་འབྲས་སྤུངས་དགོན་པའི་མེ་ཟོན་རོགས་སྐྱོབ་ས་ཚིགས་དང་མཉམ་དུ“ཏང་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མེ་ཟོན་བདེ་འཇགས་ཡོང་བར་རམ་འདེགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དེའི་རིང་མེ་ཟོན་བཀོད་འཐབ་པས་བྱེད་སྒོར་ཞུགས་པའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོར་མེ་ཟོན་སྒྲིག་བཀོད་ཡོ་བྱད་སྤྱོད་ཐབས་དང་མེ་ཟོན་མེ་གསོད་ཀྱི་རྒྱུན་ཤེས་སྐོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་ལས་ཀ་བྱེད་ས་དང་འཚོ་བ་སྐྱེལ་སར་ལྟ་སྐོར་བྱས་པ་དང་འབྲེལ་མེ་ཟོན་བཀོད་འཐབ་པའི་མཛུབ་ཁྲིད་འོག་མེ་ཟོན་ཡོ་བྱད་སྤྱོད་ཚུལ་དངོས་སྦྱོང་བྱས་པས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།