དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྣང་རྫོང་སྣང་གྲོང་རྡལ་གྱིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ད་ཕན་ལོ་ཤས་རིང་། གྲོང་གསེབ་ཏུ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུ་མི་འདང་བ་དང་། གྲུབ་ཆ་ཡག་པོ་མེད་པ། སྤུས་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྣང་རྫོང་སྣང་གྲོང་རྡལ་གྱིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་གནད་དོན་གྱི་རྩ་བ་བཙལ་འཚོལ་དང་། ལས་ཀའི་བྱེད་ཐབས་གསར་གཏོད། ཏང་ཡོན་འཕེལ་རྒྱས་གཏོང་བའི་དཀའ་གནད་ཐག་གཅོད་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ལ་གསོན་ཤུགས་གསར་པ་བསྣན་ནས་གྲོང་གསེབ་ཀྱི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་བཏང་བ་མ་ཟད། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཀྱང་ཆེ་རུ་བཏང་བ་རེད།

    གཅིག་ནས་ལས་དོན་གྱི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་ཇུས་གཞི་བཟོས་པ་དང་། གཉིས་ནས་གྲོང་རྡལ་དང་གྲོང་ཚོའི་འགན་འཁྲི་ནན་དུ་བཏང་ནས་དོན་འཁྱོལ་འགན་ལེན་བྱས་པ། གསུམ་ནས་འཕེལ་རྒྱས་ཀྱི་གཙོ་གནད་མངོན་པར་བྱས་ནས་སྤྱི་ཡོངས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ། བཞི་ནས་དམག་འཐབ་མཁར་རྫོང་གི་ནུས་པ་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།