དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་དམིགས་བསལ་ཉེན་རྟོག་རུ་ཁག་གིས།

    “གཞན་ལས་ལྷག་པ་ལྔའི”སྙིང་སྟོབས་ལག་ལེན་བསྟར་ནས་ ཡུལ་ཕྱོགས་གཅིག་གི་དུས་བདེ་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ནག་ཆུ་གྲོང་ཁྱེར་སོག་རྫོང་དུ་གདོང་མཆོང་ཉེན་རྟོག་རུ་ཁག་ཅིག་ཡོད་ཅིང་། ཁོང་ཚོས་དངོས་འཐབ་དངོས་སྦྱོང་ལ་བརྟེན་ནས་འཇོན་ཐང་སྦྱོང་བ་དང་། ཐོལ་བྱུང་དོན་རྐྱེན་འཕྲད་སྐབས་མདུན་དུ་མཆོངས་ཕོད་ཅིང་ཐག་གཅོད་བྱེད་ཐུབ་ངེས་ཡིན་པའི་སྙིང་སྟོབས་ལྡན་ལ། ཁྲོམ་གཞུང་དང་སྲང་ལམ་གྱི་དུས་བདེ་སྲུང་ལ་གཞོལ། ཁོང་ཚོས་གཞན་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། དཀའ་སྡུག་མྱོང་ཐུབ་པ། དམག་འཐབ་བྱེད་ཐུབ་པ། ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི“གཞན་ལས་ལྷག་པ་ལྔའི”སྙིང་སྟོབས་ལག་ལེན་བསྟར་ནས། ཡུལ་ཕྱོགས་གཅིག་གི་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་རིན་བྲལ་གྱི་ལང་ཚོ་གངས་ལྗོངས་ས་མཐོར་སྐྱེས་སུ་ཕུལ་ཡོད། ཁོང་ཚོ་ནི་སོག་རྫོང་སྤྱི་བདེ་ཅུས་ཀྱི་དམིགས་བསལ་ཉེན་རྟོག་རུ་ཆེན་ཡིན།

    ཉེ་བའི་ལོ་ཤས་རིང་། རུ་ཆེན་དེས་གཞུང་འཁྱོངས་གསར་གཏོད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གི་ཁྱད་ལྡན་སྤུས་རྟགས་གཏོད་རྒྱུར་དམིགས་པ། སེམས་ནུས་གཅིག་སྒྲིལ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་མུ་མཐུད་ཆེ་རུ་གཏོང་བ། སྤྱི་བདེའི་ལས་དོན་ལ་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྔ་རྗེས་སུ“མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པའི”མཚན་སྙན་ཐེངས་གཅིག་དང་། “གྲུབ་འབྲས་འབུར་ཐོན་གྱི་ཕུལ་བྱུང་མཉམ་སྡེབ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ལོ་4བསྟུད་མར་རྫོང་དེ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་སྒྲུབ་ཚུལ་ལ་དཔྱད་གླེང་དང་དཔྱད་ཞིབ་བྱེད་རིང་ཕུལ་བྱུང་རིམ་པའི་བྱ་དགའ་ཐོབ་ཡོད།

    “‘གཞན་ལས་ལྷག་པ་ལྔའི’སྙིང་སྟོབས་དར་སྤེལ་དང‘འགྱུར་མེད་བཞིའི’དཔུང་ཁག”གཏོད་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ནུས་པའི་སྐུལ་སློང་འོག་རུ་ཆེན་དེ་ཉིད་ཏང་སེམས་དང་། བྱ་གཞག་སྒྲུབ་སེམས། དམངས་སེམས་བཅས་ལྡན་པའི“སྤྱི་བདེའི་འགྱུར་མེད་དམག་དཔུང”ཞིག་ཏུ་གྱུར་ཡོད། རུ་ཆེན་གྱི་ཏང་ཀྲི་པུས་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་འདོན་པ་དང་། ཞབས་ཞུའི་འདུ་ཤེས་ཟམ་མི་ཆད་པར་གསར་གཏོད། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆ་སྒྲིག་རོགས་སྐྱོར་དང་། ཁྲིམས་ལུགས་དྲིལ་བསྒྲགས། འཚམས་འདྲིར་སྐྱོད་པ་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། དམངས་འཚོའི་དོ་ཁུར་བྱེད་སར་ལན་ཧུར་ཐག་བཏབ་ནས་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་ཐུབ་པའི་བརྩོན་ལེན་བྱས་ཡོད། ཏང་ཀྲི་པུའི་འབྲེལ་ཟམ་འབྲེལ་ཐག་གི་ནུས་པ་ཡག་པོ་བཏོན་ཏེ། གྱོན་ཆས་ཁྱིམ་དུ་སྐྱེལ་བའི“གཅིག་འཐུས་རྣམ་པའི”ས་ཚིགས་བཙུགས་ནས“གྱོན་ཆས་རེ་ལ་བརྩེ་སེམས་རེ། དཀའ་ངལ་སེལ་ཞིང་དགུན་ཁ་དྲོ་བའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བས“ཀུན་ལ་ཁྱབ་པ་དང་གནས་ཀྱིས་་གནས་ལ”གནད་སྨིན་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད། 2018ལོ་ནས་བཟུང་། རིམ་རྩིས་བྱས་ན་གྱོན་གོས་10000ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་ཐང་སྒོར་7800ལྷག་ཙམ་རི་བའི་འཚོ་བའི་དངོས་ཟོག་སྔ་རྗེས་སུ་ཉོས་པ་མ་ཟད། གཞི་རིམ་འཕྲོད་བསྟེན་ཁང་ལ་རིན་ཐང་སྒོར་ཁྲི་7.8ལྷག་ཙམ་རི་བའི་སྨན་རྫས་སྤྲད་ཡོད།

    སོག་རྫོང་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་རུ་ཆེན་གྱིས་དྲོ་སྐྱིད་ལ་བརྟེན་ནས་མི་སེར་གྱི་དུས་བདེ་སྲུང་ཞིང་། ས་ཆ་གང་སར་ཉིན་མོའི་མི་དང་མཚན་མོའི་ཁྱི་བྱས་ནས་མང་ཚོགས་ལ་དགོས་མཁོ་ཡོད་སར་རྟག་ཏུ་བསྐྱོད་དེ་ཡུལ་ཕྱོགས་དེ་གའི་མི་སེར་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།