དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷོ་ཁ་གྲོང་ཁུལ་རིམ་གཉིས་དུག་འགོག་གཞུང་ལས་ཁང་དང་སྣེ་གདོང་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས།

    ཆེད་ལས་དྲ་མིག་པ་གསར་པར་དུག་འགོག་སློབ་གསོ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་དུག་འགོག་དམ་བཅའ་འཇོག་པ་དང་མིང་རྟགས་འགོད་བཞིན་པ།

    ཆེད་ལས་དྲ་མིག་པའི“མི་དང་། ས་གནས། གནས་ཚུལ་བཅས་ལ་རྒྱུས་མངའ་ཡོད་པའི”ལེགས་ཆ་གང་ལེགས་བཏོན་ཏེ“དྲ་མིག་དང་དུག་འགོག་ཟུང་འབྲེལ”གྱི་ལས་ཀ་བྱེད་སྟངས་སྤྱད་དེ་དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། ཉེ་ཆར་ལྷོ་ཁ་གྲོང་ཁུལ་རིམ་གཉིས་དུག་འགོག་གཞུང་ལས་ཁང་གིས་སྣེ་གདོང་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་དང་མཉམ་དུ་སྣེ་གདོང་ཆུས་ཀྱི་གསར་དུ་བསྡུས་པའི་ཆེད་ལས་དྲ་མིག་མི་སྣ་སྒྲིག་འཛུགས་བྱས་ཏེ། “ཚེ་སྲོག་ལ་གཅེས་སྤྲས། དུས་རྫས་དང་རིང་དུ་གྱེས། མཉམ་དུ་ཞི་མཐུན་སྣེ་གདོང་སྐྲུན”བརྗོད་དོན་གཙོ་བོར་བྱས་པའི་དུག་འགོག་སློབ་གསོའི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་མི་དམངས་ཉེན་རྟོག་པས་གསོ་སྦྱོང་ལ་ཞུགས་མཁན་ལ་དུག་རྫས་ཀྱི་ཁྱད་ཆོས་དང་། ཉེན་ཁ། དེ་བཞིན་དུག་རྫས་འདེབས་པའི་མཇུག་འབྲས་ཚབས་ཆེན་བཅས་ངོ་སྤྲོད་བྱས་པ་མ་ཟད། ཉེ་འགྲམ་གྱི་གྱོད་དཔེ་དངོས་ལ་བརྟེན་ནས་ཚང་མར་ཉེན་བརྡ་བཏང་བ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལས་དྲ་མིག་པ་གསར་པས་དུག་རྫས་ངོ་ཤེས་པ་དང་དུག་རྫས་དབྱེ་འབྱེད་ཀྱི་འཇོན་ཐང་ཆེ་རུ་ཕྱིན་ཡོད་ལ། དུག་འགོག་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ནས་དུག་འགོག་ལས་དོན་ཏན་ཏིག་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།