དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གྲགས་ཅན་བཅུའི”བྱས་རྗེས།

    (རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སུའུ་ཅཱ་ཐང་།

    ཁྲིམས་འཛིན་དྲང་གཞག་གི་གདོང་ལེན་པ་ཞིག་བརྩོན་ལེན་བྱེད་པ།

    སུའུ་ཅཱ་ཐང་། སྐྱེས་པ། རྒྱ་རིགས། ཀྲུང་གུང་ཏང་ཡོན། 2005ལོའི་ཟླ་8པར་ལས་ཀར་ཞུགས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་ཡིན།

    གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་བོགས་གཏོང་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དུ་བཏང་ཞིང་། བོད་ཀྱི་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གི་ཁང་པ་བོགས་གཏོང་གན་རྒྱའི་རྩོད་གཞི་ཞིག་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་། ཁོང་གིས་དྲང་གཞག་དང་ལུགས་མཐུན་གྱི་རྩ་དོན་ལ་གཞིགས་ནས་ཞུ་སྦྱོར་སྔ་མ་དང་ཕྱི་མ་ཕྱོགས་གཉིས་པོའི་བསམ་འཆར་ངང་རྒྱུད་རིང་པོས་ཉན་པ་དང་། དཔང་རྟགས་ནན་ཏན་འཚོལ་བ། ཁྲིམས་ལུགས་དང་གནས་ལུགས་གསལ་བཤད་བཅས་བྱས་མཐར། དོ་བདག་ཕྱོགས་གཉིས་པོའི་དབར་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

    གྱོད་གཞིར་བརྟེན་ནས་འཆམ་མཐུན་ཡོང་བར་བྱས་ཏེ་དངུལ་རྩའི་ཉེན་ཁ་ཚབས་ཆེན་བསལ་ཞིང་། བོད་ཀྱི་ཡུལ་སྐོར་ཀུང་སི་ཞིག་གི་ཁྲོམ་འགྲེམ་རྐང་དངུལ་ནང་བཤུག་གཏོང་བའི་རྩོད་གཞི་རབ་དང་རིམ་པ་སྒྲུབ་གཉེར་གྱི་བརྒྱུད་རིམ་ནང་། ཁོང་གིས་སྔོན་ཚུད་ནས་དུས་བབ་ལ་ཞིབ་གཅོད་དང་། བཅའ་ཁྲིམས་གནད་ལ་འཁེལ་པོ་སྤྱོད་པ། གོ་སྐོན་བློ་འགུགས་ཞིབ་ཚགས་བཅས་བྱས་མཐར། འདུམ་འགྲིག་ལ་བརྟེན་ནས་གྱོད་ཐག་ཆོད་ཐུབ་པ་བྱུང་བས། ཁྲོམ་ར་བརྟན་དུ་ཕྱིན་པ་མ་ཟད། ཀུང་སིའི་དོ་དམ་གྲུབ་ཆར་འགྱུར་བ་ཆེན་པོ་མི་ཐེབས་པའི་བཀག་འགོག་ཐུབ་པ་དང་། ཡང་སྒོས་ཕྱིས་འབྱུང་ཁྲོམ་འགྲེམ་ཀུང་སིའི་རྐང་དངུལ་ནང་བཤུག་གཏོང་བའི་རྩོད་གཞི་ཐག་གཅོད་ཡག་པོ་བྱེད་པར་འདྲ་བཟོ་ཆོག་པ་དང་། དཔྱད་གཞིར་འཛིན་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་གྲུབ་འབྲས་ཀྱི་ཉམས་མྱོང་འཚོལ་ཞིབ་ཐུབ་པ་རེད།

    གྱོད་གཞིར་བརྟེན་ནས་ཁོར་ཡུག་ལེགས་སུ་བཏང་སྟེ་ཚོང་དོན་བྱེད་པོའི་ཁེ་དབང་སྲུང་སྐྱོང་བྱས་ཤིང་། ཀྲུང་གོའི་རོལ་དབྱངས་རྩོམ་དབང་མཉམ་སྡེབ་དོ་དམ་མཐུན་ཚོགས་དང་ལྷ་ས་གྲོང་ཁྱེར་གྱི་གཉེར་སྐྱོང་ཚོང་པ་30ལྷག་ཙམ་དབར་དབང་སྤྲོད་དོ་དམ་ལ་གྲོས་མཐུན་བཞག་ནས། ལས་རིགས་མཐུན་ཚོགས་ཀྱི་དོ་དམ་བྱེད་སྟངས་ལྷ་སར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བས། ཤེས་བྱའི་བདག་དབང་སྲུང་སྐྱོང་མ་ལག་ནུས་ལྡན་བཏོད་ཡོད་ལ། ཚོང་དོན་བྱེད་པོ་ཁག་གི་ཁྲིམས་མཐུན་གཉེར་སྐྱོང་དབང་ཆ་འགན་ལེན་ཡང་བྱས་ཏེ་ཞུ་གཏུག་ཡོང་ཁུངས་བཅོས་སྒྲིག་བྱེད་པར་རྨང་གཞི་བཏིང་ནས་བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་མཚུངས་ཐོན་ཐུབ་པ་བྱུང་ཡོད།

    གྱོད་གཞིར་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱས་ཤིང་། བོད་ཀྱི་འདྲེན་འཚོང་ཀུང་སི་ཞིག་གི་བུན་སྟོངས་རྩིས་བཤེར་གྱི་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས། ཀུང་སིར་སྤུས་ལེགས་ཀྱི་རྒྱུ་ནོར་ཡོད་པའི་གནས་ཚུལ་ཤེས་རྗེས། ཁོང་གིས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་མཐར་ཞིབ་རྩིས་ཀྱི་གོ་རིམ་ནས་བུན་སྟོངས་བསྐྱར་སྒྲིག་གི་གོ་རིམ་དུ་བསྒྱུར་བ་དང་འབྲེལ། གྲུབ་འབྲས་ཐོབ་པའི་ངང་བསྐྱར་སྒྲིག་ཡང་བྱས་ནས། ཁེ་ལས་ལ་ཡིད་རྟོན་སླར་གསོ་དང་བསྐྱར་གསོ་བྱེད་པའི་གོ་སྐབས་རག་ཐབས་བྱེད་པ་དང་། ཁེ་ལས་ཉེན་ཁ་ལས་སྐྱོབ་རོགས་བྱས་ཏེ་ཕྱོགས་མང་གཉིས་ཁེ་གཉིས་ཕན་བྱུང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་ཕུལ་ཡོད།

    “དྲང་གཞག་དྲང་བདེན་ནི་ཁྲིམས་འཛིན་ལས་དོན་གྱི་སྲོག་རྩ་ལྟ་བུ་ཡིན་ལ། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཤིག་རེད” ལོ་18རིང་ཁོང་གིས་ཁྱོན་གྱོད་གཞི་300ལྷག་ཙམ་ཞིབ་གཅོད་བྱས་ཤིང་། ཁྲིམས་གཅོད་ནོར་བའི་གྱོད་གཞི་དང་། ཡིག་འབུལ་ཞུ་བཅར་དང་འཁྲས་ནས་རྙོག་དྲ་བཟོ་བའི་གྱོད་གཞི། འདྲི་ཞིབ་ཚད་ལས་བརྒལ་བའི་གྱོད་གཞི་བཅས་གཅིག་ཀྱང་ཐོན་མེད་པ་རེད།

    ཉིང་ཁྲི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ལུའོ་མའོ།

    མཐའ་མཚམས་སྟོབས་ཆེར་གཏོང་བ་དང་མཐའ་སྲུང་མཐའ་བརྟན་གྱི་ཐོག་མའི་བསམ་འདུན་ནམ་ཡང་བརྟན་པོར་སྲུང་བ།

    ལུའོ་མའོ། སྐྱེས་པ། རྒྱ་རིགས། ཀྲུང་གུང་ཏང་ཡོན། 1984ལོའི་ཟླ་4པར་སྐྱེས། 2001ལོའི་ཟླ་12པར་ལས་ཀར་ཞུགས། ད་ཆ་ཉིང་ཁྲི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སུའོ་ཀྲང་གི་འགན་འཁུར་བཞིན་ཡོད།

    2021ལོའི་ཟླ་12པའི་མཚན་མོ་ཞིག་ལ་གནས་ཡུལ་རོང་མཛེས་ལྗོངས་ཁུལ་དུ་གློ་བུར་དུ་གངས་ཆེན་པོ་བབས་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10བར་ཆག་པ་དང་། སྐབས་དེར་སྒར་བརྒྱབ་ནས་བསྡད་པའི་ལྗོངས་ཕྱིའི་ཡུལ་སྐོར་བ་3མཛེས་ལྗོངས་ཁུལ་དུ་ཉེན་ཁའི་གནས་སུ་གྱར། ཉེན་བརྡ་འབྱོར་རྗེས་ལུའོ་མའོ་ཡིས་འཕྲལ་མར་མི་དམངས་ཉེན་རྟོག་པ་ཁྲིད་ནས་རོགས་སྐྱོབ་ལ་བསྐྱོད། ཆུ་ཚོད་གཅིག་ལྷག་ཙམ་ཛ་དྲག་ངང་འཚོལ་སྐྱོབ་བྱས་པ་བརྒྱུད། མཐར་ཉེན་གྱར་ཡུལ་སྐོར་བ་3རྙེད་པ་རེད། 2022ལོ་ཁོ་ནར་ཁོང་གིས་ལས་རོགས་ཚོའི་སྣེ་ཁྲིད་དེ་རོགས་སྐྱོབ་ལས་འགན་ཐེངས་21ལེགས་སྒྲུབ་དང་མི་43ལ་རོགས་སྐྱོབ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

    མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཁོང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་དང་སྐུལ་འདེད་གཏོང་བ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩི་བ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འགལ་ཟླ་མུ་མཐུད་སེལ་བ་དང་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བཞིན་ཡོད།

    2022ལོའི་ཟླ་11པར། མངགས་གཏོང་ཁང་ལ་ངའི་ཁྱིམ་གྱི་གཡག་མཐོང་རྒྱུ་མི་འདུག ཁྱིམ་མཚེས་ཤང་གི་གྲོང་མི་པད་ཆེ་གེ་མོར་དོགས་པ་ཆེན་པོ་འདུག་པས་མངགས་གཏོང་ཁང་ནས་མི་དམངས་ཉེན་རྟོག་པ་ཐག་གཅོད་བྱེད་པར་གཏོང་རོགས་ཞེས་པའི་མང་ཚོགས་རྒྱལ་ཆེ་གེ་མོའི་ཉེན་བརྡ་འབྱོར། གནས་ཚུལ་དེ་ཤེས་རྟོགས་ཐུབ་རྗེས། ལུའོ་མའོ་ཡིས་འཕྲལ་མར་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་གནས་ཚུལ་གྱི་རྒྱུ་རྐྱེན་རྒྱུས་ལོན་བྱས་ཏེ། ཕྱོགས་གཉིས་ལ་ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་སྒོ་ནས་བཅའ་ཁྲིམས་ཤོད་པ་དང་གནས་ལུགས་བརྗོད་པས་དོགས་གནད་གསལ་ཐུབ་པ་བྱུང་བ་མ་ཟད། པད་ཆེ་གེ་མོས་འཕྲལ་མར་གཡག་དེ་དག་རྒྱལ་ཆེ་གེ་མོའི་ཁྱིམ་དུ་སྐྱེལ་རྒྱུའི་མོས་མཐུན་ཡང་བྱས་པ་རེད། མཐར་འགལ་ཟླ་ཤོར་བའི་ཕྱོགས་གཉིས་པོ་ཕན་ཚུན་ལག་པ་གཏོང་རེས་བྱས་ཏེ་འཆམ་མཐུན་བྱུང་བས་འགལ་ཟླ་སྔར་བས་ཆེ་རུ་མི་འགྲོ་བར་ཕན་པ་ཆེན་པོ་ཐོབ་པ་རེད།

    ལུའོ་མའོ་ཡིས་མཐའ་མཚམས་མངགས་གཏོང་ཁང་གི་ཞབས་འདེགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། “སྒོ་རྩར་ལག་ཁྱེར་གཉེར་བ”དང་། “སྒོ་རྩར་ལག་ཁྱེར་སྤྲོད་པ” “ཛ་དྲག་གི་གནད་དོན་དམིགས་བསལ་གྱིས་སྒྲུབ་པ”སོགས་དམངས་ཕན་བྱེད་ཐབས་བཏོན་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་སྔར་བས་མགྱོགས་པ་དང་སྔར་བས་སྟབས་བདེ་བའི་ཞབས་འདེགས་ཞུས་ཡོད་པ་རེད། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་རྣམ་གྲངས་གསལ་ཐོ་10བཟོས་ནས་དུད་ཚང་8དང་མི་33ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་དང་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་སྲུང་སྐྱོང་བྱེད་པ་དེ་ནི་ཁོང་གི་བསམ་བློའི་གཏོང་ཕྱོགས་རེད་ལ། ཁོང་ཉེན་རྟོག་པར་ཞུགས་ནས་20ལྷག་ཙམ་རིང་གི་མི་འགྱུར་རྡོ་རྗེ་བྲག་ལྟར་བརྟན་པའི་ཐོག་མའི་བསམ་འདུན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།