དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་སྤྱི་བདེས་གྱོད་འབྲེལ་སྒོར་ཁྲི་88ཟིན་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་ལ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་རྩིས་སྤྲད་པའི་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རྫུན་མ་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཁུངས་སྣེ་ཤིག་འབྱོར་བ་རེད། ཁུངས་སྣེ་འབྱོར་རྗེས་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མྱུལ་ཞིབ་ཀྱི་ལས་དོན་སྤེལ་བ་རེད།

    མི་དམངས་ཉེན་རྟོག་པས་བརྟག་དཔྱད་དཔང་ལེན་བྱས་རྗེས། ཉེས་གསོག་དོགས་ཅན་རྡོ་ཆེ་གེ་མོས(ཕོ། ལྷོ་ཁ་བ)གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རྫུན་མ་བྲིས་པ་ཤེས་པས་ཁྲིམས་ལྟར་ཁོ་པར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྡོ་ཆེ་གེ་མོར་2022ལོའི་ཟླ་8ཚེས་15ཉིན་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད། ཧུའུ་ནན་ཞིང་ཆེན་ཐའོ་ཡོན་རྫོང་ཤིན་མཱའེ་ཤིང་ཆ་ལས་སྣོན་ཚད་ཡོད་ཀུང་སིར་འབྲེལ་བ་བྱས་ཏེ་ཀུང་སི་དེས་ཁོ་པར་སྒོར་ཁྲི་88ཀྱི་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རྫུན་མ་བྲིས་པ་རེད། ཀུང་སི་དེས་སྒོར་དུང་ཕྱུར་1དང་ཁྲི་9000ལྷག་ཙམ་ཟིན་པའི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་རྫུན་མ་བྲིས་པར་བརྟེན། ཐའོ་ཡོན་རྫོང་སྤྱི་བདེ་ཅུས་ཀྱིས་ཀུང་སིའི་ཁྲིམས་མི་དང་དེ་བཞིན་འགན་འཁུར་བ་གཙོ་བོར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་རེད།

    མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།