གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས།
ཉེན་རྟོག་པའི་དམག་སྒར་སྒོ་དབྱེའིཉིན་མོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་སློབ་མ་ཉེན་རྟོག་པའི་དམག་སྒར་དུ་འབོད་ནས། ཉེན་རྟོག་པའི་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཕྲུ་གུ་ཚོར་དམག་སྒར་གྱི་རིག་གནས་མྱོང་ཚོར་ཐུབ་པ་དང་དམག་སྒར་གྱི་འཚོ་བ་ཉམས་ལེན་ཐུབ་པ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ལས་གྲོགས་པོ་ཆུང་ཆུང་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཁོ་ཚོའི་རང་ངོས་ཀྱི་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་དུས་བདེ་སྲུང་སྐྱོང་བྱེད་སེམས་དང་དྲང་བདེན་སྲུང་སྐྱོང་བྱེད་སེམས་སྐྱེད་སྲིང་བྱས་ཡོད།