དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཡན་ལག་རུ་ཁག་གིས།

    སྤྱི་ཁྱབ་ས་ཚིགས་ཀྱི་ཉེན་དོན་དངོས་འཐབ་ཀྱི་དཔྱད་ཞིབ་ལ་ཧུར་ཐག་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    པར་བཞི་པོ་འདི་དག་ནི་དཔྱད་ཞིབ་བྱ་ཡུལ་གྱི་རྣམ་པ་ཡིན་པ།

     ཉེ་ཆར་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས་སྤྱི་ཁྱབ་ས་ཚིགས་ཀྱི་2023ལོའི་དུས་ཚིཌ་དང་པོའི་ཉེན་དོན་དངོས་འཐབ་ཀྱི་དཔྱད་ཞིབ་ལས་དོན་ལ་ཧུར་ཐག་ཞུགས་པ་རེད།

    ད་ཐེངས་ཀྱི་དཔྱད་ཞིབ་ལས་དོན་ནི་སྤྱི་ཁྱབ་ས་ཚིགས་ཀྱི་ཆབ་སྲིད་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་ལྷ་སར་བཅའ་སྡོད་ཚན་པ་མཉམ་དུ་ཞུགས་པ་ཞིག་རེད། ཉེན་རྟོག་ཡོངས་ཀྱི་དངོས་འཐབ་སྦྱོང་བརྡར་ཆེ་མོའི་དཔྱད་ཞིབ་ཀྱི་ནང་དོན་དང《རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མི་དམངས་ཉེན་རྟོག་པའི་སྤྱི་པའི་རྨང་གཞིའི་སློབ་ཚན་གྱི་དམག་སྦྱོང་རྩ་འཛིན》གྱི་ཚད་གཞི་གཞིར་བཟུང་། སྤྱི་ཁྱབ་ས་ཚིགས་ཀྱིས་སྔ་སྣུར་དུ་དཔྱད་ཞིབ་ཚོགས་ཆུང་བཙུགས་པ་དང་། དཔྱད་ཞིབ་ཇུས་གཞི་ཞིབ་ཚགས་བཟོས་པ། བཅའ་སྡོད་བྱ་ཡུལ་གྱི་ས་བབ་དང་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་ལོ་ཚད་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། མི་མི་འདྲ་བར་དཔྱད་ཞིབ་ཞིབ་སྲོལ་དང་སྐར་གྲངས་ཚད་གཞི་ཁ་གསལ་བཟོས་ཏེ་དཔྱད་ཞིབ་བྱས་པ་རེད།

    དཔྱད་ཞིབ་བྱེད་རིང་། མི་དམངས་ཉེན་རྟོག་པ་མི་རེ་ངོ་རེ་སྙིང་སྟོབས་རབ་འཕེལ་དང་སྤྱོད་ཚུལ་བློས་འགེལ་ཆོག་པའི་ཐོག་ནས་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་དམག་སྦྱོང་དང་དམག་གྲབས་ཀྱི་ལག་ལེན་གསར་པའི་རྣམ་པ་མངོན་ཡོད་པ་རེད།

    གོམ་སྟབས་རྗེས་མར། ཉིང་ལག་རུ་ཁག་དེས་ཉེན་རྟོག་ཡོངས་ཀྱི་དངོས་འཐབ་སྦྱོང་བརྡར་ཆེ་མོའི་ལས་དོན་མུ་མཐུད་ཡག་པོ་སྤེལ་ནས། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།