དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་དང་གྱོད་དཔེ་དབྱེ་ཞིབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་དང་གྱོད་དཔེ་དབྱེ་ཞིབ་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཚོགས་ཞུགས་ཚན་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་དང་དཔེ་མཚོན་གྱོད་དཔེའི་དབྱེ་ཞིབ་སྙན་སེང་ཉན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལའེ་ཅའོ་ཚོཌ་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུར། བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྩ་བའི་དམིགས་ཡུལ་ནི་གནས་ཚུལ་ངོ་མ་ཤེས་རྟོགས་དང་། དཀའ་གནད་སེལ་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པས་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་བརྟག་དཔྱད་ཞིབ་འཇུག་གི་ཉམས་མྱོང་དང་བྱ་ཐབས་བཟང་པོ་ཕྱོགས་སྡོམ་བྱེད་པར་དོ་སྣང་བྱས་ནས་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་ཟུང་འབྲེལ་གྱིས་དུས་ཐོག་ཏུ་རྒྱུན་འཇགས་པ་དང་ཕུགས་ཕན་ལམ་སྲོལ་ཆགས་པ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལ་ཕན་འབྲས་དངོས་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།