དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དབུ་མཐོང་གྲོང་ཚོས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་102འཁོར་བར་རྟེན་འབྲེལ་ཞུ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཟླ་7ཚེས་1ཉིན། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཚ་ཆུ་ཤང་དབུ་མཐོང་གྲོང་ཚོར་བཅའ་སྡོད་ལྗོངས་སྤྱི་བདེ་ཐིང་གི་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཐུན་མོང་སྒྲིག་འཛུགས་འོག དབུ་མཐོང་གྲོང་ཚོས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་102འཁོར་བར་རྟེན་འབྲེལ་ཞུ་བའི”རིམ་སྤེལ་བྱེད་སྒོ་སྤེལ་ཏེ། གྲོང་ཚོའི་ནང་གི་ཏང་ཡོན་སྒྲིག་འཛུགས་བྱས་ནས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པ་དང་། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ། ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པ། ཀྲི་པུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    ད་ཐེངས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱ་ཆེའི་ཏང་ཡོན་གྱི་སེམས་ལ་ཟུག་པ་དང་། དབུ་མཐོང་གྲོང་ཚོའི་ཏང་ཀྲི་པུའི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་པ། དབུ་མཐོང་གྲོང་ཚོའི་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ། དབུ་མཐོང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་མ་ཐེབས་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།