དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཨ་མདོ་རྫོང་གིས“དུས་བདེའི་ཨ་མདོ”སྐྲུན་པའི་ཕན་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཉེ་དུས་ཨ་མདོ་རྫོང་གིས“དུས་བདེའི་ཨ་མདོ”འཛུགས་སྐྲུན་གྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་གཙོ་བོ་གཤམ་གྱི་ནང་དོན་ངོ་སྤྲོད་བྱས་པ་སྟེ། “ལྔ་སྐྱོང”མཉམ་འདྲེས་དང་ཕྱོགས་བསྡུས་ཇུས་བསྟར་ཐད་ཕན་འབྲས་ཐོན་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཨ་མདོ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོ་དང“གྲོང་གསེབ་དར་རྒྱས། ནག་ཆུས་འབད་འབུངས”སོགས་ཆེད་དོན་བྱ་སྤྱོད་གཞི་རྟེན་དུ་བྱས་ཏེ་ཆབ་སྲིད་སྣེ་ཁྲིད་དང་། ཁྲིམས་སྐྱོང་འགན་ལེན། ཚུལ་སྐྱོང་སློབ་སྟོན། རང་སྐྱོང་རྨང་བརྟན། རིག་སྐྱོང་ནུས་སྐྱེད་བཅས“ལྔ་སྐྱོང”བྱ་སྤྱོད་ལག་བསྟར་མཐའ་འཁྱོངས་བྱས་ཏེ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་གཙང་སྒྲུབ། མི་ཚང་མས་ལོངས་སྤྱོད་ཆོག་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་པ་དང་ཏང་གི་ཡང་དག་པའི་བཞེད་དོན་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་ཧུར་ཐག་འགྱུར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།