དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བསམ་གྲུབ་རྩེ་ཆུས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས།

    “བདུན་གཅིག་ལ་རྟེན་འབྲེལ་ཞུ། ལྷག་བསམ་རྣམ་དག་གི་བླ་སྲོག་གཏོད”པའི་རིག་རྩལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཉེ་ཆར། བསམ་གྲུབ་རྩེ་ཆུས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས“སྲོག་ཤིང་ལ་བློ་དཀར་སེམས་དཀར་དང་། རྒྱང་ལམ་གསར་པར་གཡས་གཞོགས་གཡོན་འདེགས”ཞེས་པའི་རིམ་སྤེལ་བྱེད་སྒོའི་གྲས་ཏེ“བདུན་གཅིག་ལ་རྟེན་འབྲེལ་ཞུ། ལྷག་བསམ་རྣམ་དག་གི་བླ་སྲོག་གཏོད”ཅེས་པའི་ལས་བྱེད་ཉེན་རྟོག་པའི་རིག་རྩལ་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་རི་འཛེག་སློབ་གྲྭར་དངོས་སུ་སྤེལ་བ་རེད།

    དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱི་ལུས་རྩལ་པའི་མདུན་སྐྱོད་གླུ་དབྱངས་ཀྱི་དབྱངས་རྟ་དང་ལྷན་དུ་བསམ་གྲུབ་རྩེ་ཆུས་སྲིད་ཁྲིམས་ཚན་པ་ཁག་ནས་ཡོང་བའི་འཐུས་མི་རུ་ཁག་10དང་ཤན་འབྱེད་པའི་འཐུས་མི་རུ་ཁག་རིམ་པ་བཞིན་འགྲན་རར་འཛུལ། དེ་རྗེས་ལུས་རྩལ་འགྲན་བསྡུར་འགོ་ཚུགས་ཤིང་། རུ་མི་ཚོས་འགྲན་རའི་ཐོག་རང་ཉིད་ཀྱི་ལང་ཚོ་དང་གསོན་ཤུགས་དང་། ལུས་རྩལ་བྱེད་སྒོའི་ངར་སེམས་དང་ཡིད་དབང་འཕྲོག་ཤུགས། བསམ་གྲུབ་རྩེ་ཆུས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་དཔའ་ངར་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འབུངས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།