པར་རིས་གསར་འགྱུར།
ཟླ་6ཚེས་29ཉིན། 2023ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོའི་འགྲན་བསྡུར་དང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དང་དེ་བཞིན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གདམ་གསེས་འགྲན་བསྡུར་བུད་མེད་ཀྱི་སྨི་200ཡི་མཐའ་བསྡུར་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་དུ་བྱས་པ་རེད།
འདི་ནི་ཉིན་དེར་ཧུའུ་ནན་ཤང་མེ་རུ་ཁག་གི་བདམས་ཐོན་པ་ཧོང་ཀུའེ་ཧྥུན་གྱིས(གཡོན)འགྲན་བསྡུར་ལ་མཐའ་སྣེ་ནས་བརྒལ་བ་དང་། མཐར་སྐར་ཆ་23.59ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ།
2023ལོའི་ཟླ་6ཚེས་29ཉིན། ཨན་ཧུའེ་ཞིང་ཆེན་ཐུང་ལིན་གྲོང་ཁྱེར་དབྱི་ཨན་ཆུས་ཀྲུང་མིང་གྲོང་རྡལ་ཅིའུ་ལང་གྲོང་ཚོར་ཏང་ཡོན་དང་བླངས་པ་དང་ཞིང་དུད་ཀྱིས་མཉམ་དུ་ལོ་ཏོག་བསྡུས་ཤིང་། མིག་སྔ་ནི་ཀྭ་རིགས་དང་ཤིང་ཏོག་སྨིན་པའི་དུས་ཡིན་པས། ཏང་ཡོན་གྱིས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཏན་ཏིག་ཞུ་གི་ཡོད།
འདི་ནི་ཐུང་ལིན་གྲོང་ཁྱེར་དབྱི་ཨན་ཆུས་ཀྱི་ཏང་ཡོན་དང་བླངས་པས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་པར་ལོ་ཏོག་བསྡུ་རོགས་བྱེད་བཞིན་པ།
ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བའི་མཚམས་སུ། ཀུའེ་ཀྲོའུ་ཞིང་ཆེན་ཁྲི་ཧྲུའེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས“ལས་བྱེད་པ་རྒན་གྲས་ལ་བརྩེ་སེམས་བཅངས་ནས‘བདུན་གཅིག’ལ་གཟུགས་པོར་བརྟག་དཔྱད་བྱེད་པའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
འདི་ནི་ཟླ་7ཚེས་1ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཁྲི་ཧྲུའེ་གྲོང་ཁྱེར་ཧྲེ་ཀྲུང་ཁྲོམ་གཞུང་དུ་སྨན་དོན་པས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།