དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སྤྱི་བདེ་ལས་ཁུངས་ཀྱིས།

    རིག་དངོས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འགོག་ཟོན་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-11

     གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་སྤྱི་བདེ་ལས་ཁུངས་ཀྱིས་རིག་དངོས་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་རིག་དངོས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འགོག་ཟོན་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་རིག་དངོས་བདེ་འཇགས་ཀྱི་དམར་ཐིག་དང་། མཐའ་ཚད། སྲོག་རྩ་བཅས་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཡོད། 2020ལོའི་ཟླ་9པར་ཆེད་དོན་བྱ་སྤྱོད་སྤེལ་ཚུན། རིགས་ཁག་གི་རིག་དངོས་ཉེས་གསོག་གྱོད་གཞི་5900ལྷག་ཙམ་རྩད་ཆོད་པ་དང་གྱོད་འབྲེལ་རིག་དངོས་སྒོར་ཁྲི་10ལྷག་ཙམ་འདེད་ལེན་བྱས་པའི་ནང་། 2022ལོར་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིགས་ཁག་གི་རིག་དངོས་ཉེས་གསོག་གྱོད་གཞི་1700ལྷག་ཙམ་རྩད་ཆོད་པས་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་རིག་དངོས་འདེད་ལེན་བྱེད་པ་དེ་རིག་དངོས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་དང་། ཁུངས་སྣེར་གཞིགས་ནས་རིག་དངོས་ཀྱི་འགྲོ་ཕྱོགས་བཙལ་འཚོལ་གྱིས་གྱོད་འབྲེལ་རིག་དངོས་ནུས་ཤུགས་ཡོད་རྒུས་འདེད་ལེན་བྱས་ཡོད། ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལི་ཆས་དང་། རྫ་ཆས། དཀར་ཡོལ་སོགས་རིགས་ཁག་གི་རིག་དངོས་ཁྲི་10ལྷག་ཙམ་འདེད་ལེན་བྱས་པའི་ནང་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྩ་ཆེའི་རིག་དངོས་8600ལྷག་ཙམ་ཡོད། དེའི་ནང་ཧན་ཤར་མའི་དུས་རབས་ཀྱི“ཀྲའོ་ཅུན་མནའ་མར་འགྲོ་སྐབས”ཀྱི་མེ་ལོང་དང་སུང་རྒྱལ་རབས་དུས་ཀྱི་ལུང་ཆོན་སོ་ཐབ་ནས་ཐོན་པའི་གཡུ་རྩིའི་དཀར་ཡོལ་ཟུར་བརྒྱད་མ་སོགས་ཀྱི་རིམ་པ་དང་པོའི་རིག་དངོས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།