ཞིང་ལས་དང་གྲོང་གསེབ་པུའུ་སོགས་པུའུ་ཨུད་11གིས།
2021ལོ་ནས་2022ལོའི་བར་གྱི“ཤ་ཚལ་སྒོང་གསུམ”གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུཌ་ཀྱི་དཔྱད་ཞིབ་ལས་དོན་མཉམ་དུ་བཀོད་སྒྲིག་བྱས་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་འཛིན་ལྟ་འདོམས་ཨུ་ལྷན་སོགས“ཤ་ཚལ་སྒོང་གསུམ”གྱི་བཟའ་བཅའི་དོ་དམ་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པས《2021ལོ་ནས་2022ལོའི་བར་གྱི་ལོ་འཁོར་གྱི“ཤ་ཚལ་སྒོང་གསུམ”གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལས་དོན་ནན་ཏན་ངང་སྤེལ་དགོས་པའི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ནས། ཐད་གཏོགས་གྲོང་ཁྱེར་དང་། འཆར་གཞི་ཟུར་བཀོད་ཀྱི་གྲོང་ཁྱེར། ཞིང་ཆེན་གནས་སའི་གྲོང་ཁྱེར་སོགས་གྲོང་ཁྱེར་ཆེ་འབྲིང་36གིས་2021ལོ་ནས་2022ལོའི་བར་གྱི“ཤ་ཚལ་སྒོང་གསུམ”གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།
“ཤ་ཚལ་སྒོང་གསུམ”གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་པ་ནི་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཐོན་སྐྱེད་བརྟན་པོ་དང་། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ་བཅས་ཀྱི་ནུས་པར་ཞིབ་དཔྱད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། གྲོང་སྤྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད་ལ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། 《བརྡ་ཐོའི》ནང་རང་གིས་རང་ལ་གདེང་འཇོག་དང་། བསྐྱར་ཞིབ། ཟུར་བཤེར་བཅས་དང་དེ་བཞིན་ཕྱོགས་གསུམ་པའི་ཚོད་སྐོར་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་གྱིས་རང་གིས་རང་ལ་གདེང་འཇོག་དང་། སྡེ་ཚན་གྱིས་བསྐྱར་ཞིབ། ཟུར་བཤེར་དཔྱད་ཞིབ། ཕྱོགས་བསྡུས་དཔྱད་འབེབས། མཇུག་འབྲས་ལན་སྤྲོད་སོགས་ཀྱི་གོ་རིམ་ལྟར་དཔྱད་ཞིབ་ལས་དོན་སྤེལ་དགོས་པ་དང་། ད་ཐེངས་ཀྱི་དཔྱད་ཞིབ་དེ་ལོ་མཇུག་གོང་ལ་ཚར་བ་བྱེད་དགོས་པ་དང་དཔྱད་ཞིབ་བྱས་འབྲས་དེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་འགོ་ཁྲིད་ཚན་ཁག་གི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་མཉམ་དུ་ནང་དོན་གྱི་གྲས་ལ་བརྩི་དགོས་ལུགས་ཁ་གསལ་བཏོན་ཡོད་པ་རེད།