དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་གི“འགོག་སྲུང་ འཛིང་རགས་གསུམ”བརྟན་དུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཉིའུ་དབྱི་པིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ད་ལོར“གཞོན་ནུ་ལོ་ཆུང་གི་བྱེད་ཐབས”དེ“ན་སོ་དར་ལ་མ་བབས་པའི་མིའི་བྱེད་ཐབས”ལ་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ། བྱེད་ཐབས་ཀྱི་ཁྱབ་རྒྱ་APPནས་སྒུལ་བདེའི་རིག་ནུས་མཐའ་སྣེ་དང་ཉེར་སྤྱོད་ཚོང་ཁང་དུ་རྒྱ་སྐྱེད་བཏང་སྟེ་མཉེན་ཆས་དང་མཁྲེགས་ཆས་མཉམ་འགུལ་གྱིས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་གི“འགོག་སྲུང་འཛིང་རགས་གསུམ”བརྟན་དུ་གཏོང་རྒྱུ་རེད་ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2021ལོ་ནས་བཟུང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས“དྭངས་བསིལ། དབྱར་གསེང་རིང་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་བསྟུད་མར་བཀོད་སྒྲིག་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་གཅིག་སྡུད་བཅོས་སྒྲིག་བྱས་ཡོད། ན་ནིང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་སྟེགས་བུ་དང་། བརྙན་ཐུང་། སློབ་སྦྱོང་རིགས་ཀྱི་APPསོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་གྲལ་བཤེར་གཏིང་ཟབ་བྱས་པ་མ་ཟད། ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱི་ཆ་འཕྲིན་དང་རྩིས་ཐོར་བསྟུད་མར་གཙང་བཤེར་ཐག་གཅོད་དང་དྲ་ཚིགས་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། བྱིས་པའི་རིག་ནུས་སྒྲིག་ཆས་ཉེར་སྤྱོད་གོ་རིམ་གཉེར་སྐྱོང་མཁན་2ལ་ཐོག་མར་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པ་དང་། སློབ་སྦྱོང་རིགས་ཀྱི་སྒྲིག་འགལ་གྱི་APP800ལྷག་ཙམ་མེད་པར་བཟོས་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།