དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མང་ཚོགས་ཀྱི་ཁྲོད་དུ་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་དྲིལ་བསྒྲགས་ཀྱི་ནང་དོན་མི་སེམས་ལ་ཟུག་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲིམས་འཛིན་ལྟ་སྐུལ་ཉིང་ལག་རུ་ཁག་དང་། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་བཅས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་ཡིག་འབུལ་ཞུ་བཅར་ཅུས་སོགས་དང་མཉམ་དུ་གཡུ་ཐོག་ལམ་དུ《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་འཁོར་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཡུ་ཐོག་ལམ་གྱི་དྲིལ་བསྒྲགས་བྱེད་སྒོ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས) ཁག་གིས་དུས་གཅིག་ཏུ་སྤེལ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་རིམ་རྩིས་བྱས་ན་དྲིལ་བསྒྲགས་དཔྱད་ཡིག་13000ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་9000ལྷག་ཙམ་སྤྲད་ཡོད་པ་རེད།

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དྲིལ་བསྒྲགས་དངོས་པོ་སྤྲོད་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་དོགས་གཞིར་ལན་འདེབས་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས་ཡིག་འབུལ་ཞུ་བཅར་སྐོར་གྱི་དྲི་བ་བཏོན་ནས་དམངས་ལ་ལན་འདེབས་སུ་བཅུག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།