དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཉེ་ཆར། རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་ཁོངས་གཏོགས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་གྱི་ཟུར་ཁྲིད་འཆད་ཁྲིད་བྱས་པ་རེད།

    འཆད་ཁྲིད་ཐོག་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་བཀྲ་ཤིས་རྡོ་རྗེ་གདན་འདྲེན་ཞུས་ནས་ཆེད་དོན་ཟུར་ཁྲིད་གནང་ཞིང་། བཀྲ་ཤིས་རྡོ་རྗེས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་ཞིག་རེད》ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྩ་བའི་བརྗོད་དོན་གཙོ་བོ་དང་། སྲོག་ཤིང་གི་འདུ་ཤེས། ལོ་རྒྱུས་ཀྱི་འགན་འཁྲི། འབྱུང་རྐྱེན། ནང་དོན་གཙོ་བོ་སོགས་ཕྱོགས་ལྔའི་ཐད་ནས་གོ་སླ་ལ་གསོན་ཉམས་དོད་པའི་འགྲེལ་བཤད་བརྒྱབ་པ་རེད།

    ད་ཐེངས་ཀྱི་འཆད་ཁྲིད་བརྒྱུད་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཤེས་བྱ་གསར་པར་སློབ་སྦྱོང་དང་། ལྟ་བ་གསར་པ་ཤེས་རྟོགས། སྒུལ་ཤུགས་གསར་པ་འཕེལ་བར་ཕན་ཆེན་པོ་ཐོགས་པ་དང་། ཁོང་ཚོས་གཏམ་བཤད་ཀྱི་དོན་སྙིང་སྔར་བས་ཤེས་རྟོགས་ཐུབ་པ་དང་གནས་ལུགས་སྔར་བས་ཤེས་རྟོགས་ཐུབ་པ་བྱེད་པའི་གལ་ཆེའི་རང་བཞིན་མྱོང་ཚོར་གཏིང་ཟབ་བྱུང་ནས། བསམ་བློ་དང་ལས་ཀའི་དོན་དངོས་དང་འབྲེལ་བ་དམ་ཟབ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་དུག་གཅོད་ལས་སྒོའི་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་པ། སློབ་སྦྱོང་གི་ཕན་འབྲས་དེ་རང་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་གྱི་ཆོད་སེམས་སྔར་བས་འཕེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།