དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འགན་སྲུང་བྱ་ཐབས་ཁག་30ལྷག་ཙམ་བཏོན་པས་འགྱངས་ཆད་གླ་ཆ་སྒོར་དུང་ཕྱུར་1.13བླངས་ནས།

    བོད་ལྗོངས་ཀྱི་འགྱངས་ཆད་གླ་ཆའི་གྱོད་གཞི་བབ་བསྟུན་གཙང་སེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གླ་ཆ་ཆད་པའི་གནད་དོན་བཅོས་སྒྲིག་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས་འགན་སྲུང་བྱ་ཐབས་ཁག་30ལྷག་ཙམ་བཏོན་པ་དེས་ངལ་རྩོལ་པའི་འགྱངས་ཆད་གླ་ཆ་སྒོར་དུང་ཕྱུར་1.13བླངས་ཐུབ་ནས་གླ་ཆ་ཆད་པའི་གྱོད་གཞི་བབ་བསྟུན་གཙང་སེལ་ཐུབ་ཡོད།

    “ཁྱེད་རྣམས་པས་ང་ཚོའི་དཀའ་ལས་བརྒྱབ་པའི་དངུལ་བླངས་ཐུབ་སོང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཉེ་ཆར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཞུ་གཏུག་ཐེར་འདོན་སྣེ་ལེན་ཞབས་ཞུའི་ཚོམས་ཆེན་དུ་ལན་ཆེ་གེ་མོ་སོགས་མི་18ཀྱིས་ལས་གྲྭའི་རྣམ་གྲངས་ཤིག་ཏུ་ལས་ཀ་བྱས་པའི་གླ་ཆ་སྒོར་ཁྲི་15ལེན་བཞིན་དུ་དེ་ལྟར་བཤད། དེ་ནི་རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཅུས་ཀྱི་ལས་དོན་པས་དཀའ་ངལ་ལ་མི་སྐྲག་པར་ས་གནས་ཀྱི་ངལ་རྩོལ་ལྟ་ཞིབ་སྡེ་ཚན་ལ་ཕྱོགས་མང་པོ་ནས་མཐུན་སྦྱོར་བྱས་མཐར་འགྱངས་ཆད་གླ་ཆ་ལེན་ཐུབ་པའི་དཔེ་མཚོན་གྲས་ཤིག་རེད།

    བསྡོམས་རྩིས་ལ་གཞིགས་ན། ན་ནིང་ནས་བཟུང་། རང་ལྗོངས་ཀྱིས་ཐེར་འདོན་ཞུ་གཏུག་གྱོད་གཞི་1313གཅིག་སྡུད་ཐག་གཅོད་བྱས་པས་ངལ་རྩོལ་པ་6914ཡི་གླ་ཆ་སྒོར་དུང་ཕྱུར་1.13ལེན་ཐུབ་ནས་འགྱངས་ཆད་གླ་ཆའི་གྱོད་གཞི་ཚང་མ་བབ་བསྟུན་གཙང་སེལ་ཐུབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། འགྱངས་ཆད་གླ་ཆ་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་དམིགས་ཚད་འགྲུབ་ཆེད། རང་ལྗོངས་ཀྱིས་ཞིབ་འཇུག་བྱས་ནས《འགྱངས་ཆད་གླ་ཆ་བཅོས་སྒྲིག་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཞིང་པ་ལས་མིར་ལས་ཀའི་གླ་ཆ་སྤྲོད་པའི་འགན་སྲུང་ལས་དོན་གྱི་དཔྱད་ཞིབ་བྱ་ཐབས་སྐོར་བཀྲམ་པ》སོགས་ཀྱི་སྲིད་ཇུས་ཀྱི་འགན་སྲུང་བྱ་ཐབས་30ལྷག་ཙམ་བཏོན་པ་དང་། ལས་ཀའི་ལམ་སྲོལ་ཁག་ལྔ་བཟོས་ནས་ལྗོངས་ཡོངས་སུ་འགྱངས་ཆད་གླ་ཆ་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་སྲིད་ཇུས་ཐོག་ནས་འདེགས་སྐྱོར་བྱས་ཤིང་། མི་སྤྱོད་ཚན་པས་ABCསོགས་ཀྱི་གདེང་འཇོག་རིམ་པ་ཁྲིམས་སྲུང་ཡིད་རྟོན་ཡོང་བར་བྱས་ནས་སྤྱི་ཚོགས་ལ་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚབས་ཆེན་69ཡོངས་བསྒྲགས་དང་། ཁེ་ལས་20ཡིད་རྟོན་མི་རུང་བའི་མཉམ་དུ་ཆད་གཅོད་བསླབས་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཅུག་པ། ཁེ་ལས་102ལ་ཡིད་རྟོན་རིམ་པའི་གདེང་འཇོག་སྐར་མ་བཅག་ནས་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱས་མེད་པའི་གྱོད་གཞི་174ཁྲིམས་བཞིན་ཐག་གཅོད་བྱས་ནས་དངུལ་ཆད་སྒོར་ཁྲི་806.87བཅད་ཡོད། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དེས་ཞིང་པ་ལས་མིའི་ཁྲིམས་སྦྱོང་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་གླ་ཆ་ཆད་པ་བཅོས་སྒྲིག་བྱེད་པའི་འགན་སྲུང་གི་བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་ནས“གླ་ཆ་ཆད་མི་ཕོད་པ་དང་། ཆད་མི་རུང་བ། ཆད་མི་འདོད་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།