ལམ་བར་རྨས་མ་ཕྲད། མྱུར་སྐྱོབ་བྱེད་པར་བྲེལ།
ཟླ་6ཚེས་25ཉིན་གྱི་ཕྱི་དྲོ། བོད་ལྗོངས་འགྲམ་འགག་སྒོ་གཉའ་ནང་རྫོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་སྐབས། ཁ་ལོ་བ་ཞིག་གིས་རླངས་འཁོར་དལ་བུར་ལམ་ཟུར་དུ་ཁ་བཀག་པ་མ་ཟད། ཉེན་རྟོག་པའི་མདུན་དུ་རྐང་པ་འཐེང་བཞིན་ཡོང་ནས“ཉེན་རྟོག་བློ་མཐུན་ལགས། ང་ལ་རོགས་པ་ཞིག་གནང་རོགས”ཅེས་བཤད་པས། ལས་སྒྲུབ་མི་དམངས་ཉེན་རྟོག་པས་གནས་ཚུལ་ཞིབ་ཕྲ་འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བས་མདུན་གྱི་ལས་ཡུལ་ཞིག་ཏུ་གསང་སྤྱོད་ལ་འགྲོ་སྐབས་སྟབས་མ་ལེགས་པར་རྐང་པར་གཟེར་ཟུག་ནས་ཁྲག་མང་པོ་ཐོན་ཏེ་འགོག་མི་ཐུབ་པ་ཤེས།
ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁ་ལོ་བ་ཟླ་ཆེ་གེ་མོ་བསྐྱོར་ནས་བདེ་འཇགས་ཁུལ་དུ་འབྱོར་རྗེས། ཟླ་ཆེ་གེ་མོར་དུག་སེལ་དང་རྨ་རས་དཀྲིས་པ་མ་ཟད། སྨན་ཡང་སྤྲད་པ་རེད། འདི་ནི་མི་དམངས་ཉེན་རྟོག་པས་ཟླ་ཆེ་གེ་མོའི་རྨ་ཁར་དུག་སེལ་དང་ཁྲག་འགོག་བཞིན་པ།