དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྟོད་ལུང་བདེ་ཆེན་ཆུས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ངང་ས་ཞིང་བཟུང་སྤྱོད་བྱས་པའི་གྱོད་གཞི་གཅིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་གསལ། “2023ལོའི་ཁུ་ནུའི”ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྷ་སའི་སྤྱི་བདེས་གྱོད་གཞིར་རྡུང་རྡེག་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་གྱོད་གཞིའི་ཁུངས་སྣེ་རྒྱ་ཆེར་བཏང་ཡོད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲིམས་འགལ་ངང་ས་ཞིང་བཟུང་སྤྱོད་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད།

    2022ལོའི་ཟླ་5ཚེས་30ཉིན། སྟོད་ལུང་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་སྟོད་ལུང་བདེ་ཆེན་ཆུས་ནགས་རྩྭ་ཅུས་ཀྱིས་རྩིས་སྤྲད་པའི་ས་ཞིང་ཁྲིམས་འགལ་ངང་བདག་ཏུ་བཟུང་བའི་གྱོད་གཞི་ཞིག་འབྱོར་བས་སྟོད་ལུང་སྤྱི་བདེ་ཡན་ལག་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མགྱོགས་མྱུར་ཉེན་རྟོག་པ་ཧྲག་སྒྲིག་གིས་གྱོད་གཞིར་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་ཚགས་བྱས་པ་རེད།

    བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བར། 2017ལོའི་ཟླ་10ཚེས་31ཉིན་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་ཞུས་ཆེ་གེ་མོ་གཉིས་པོས་ཞིང་དུད་སྤྲོ་ཁང་འཛུགས་པར་ཁ་གཡར་ནས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་གྱི་གྲོང་ཚོ་ཨུ་ལྷན་ཞིག་དང་གན་རྒྱ་བཞག་སྟེ་བོགས་མར་བླངས་ཏེ་གྲོང་ཚོ་དེའི་ཚོགས་ཆུང་བརྒྱད་པའི་ས་ཞིང་མུའུ་63བོགས་མར་བླངས་པ་དང་བོགས་གཡར་དུས་ཚད་ལོ་5བཟོས་པ་རེད། བོགས་མར་ལེན་རིང་ཞིང་དུད་སྤྲོ་ཁང་ལ་ཡོང་འབབ་མ་བྱུང་བའི་དབང་གིས་2018ལོའི་ཟླ་3པར་གྲོང་ཚོ་ཨུ་ལྷན་གྱི་མོས་མཐུན་མ་ཐོབ་རུང་ཁོ་གཉིས་པིས་བོགས་གཡར་ས་ཆའི་ཤིང་བཅད་དེ་ཨར་འདམ་བཏིང་ནས་མཛོད་ཁང་བཟོས་པ་རེད།

    2022ལོའི་ཟླ་4ཚེས་18ཉིན་སྟོད་ལུང་བདེ་ཆེན་ཆུས་ནགས་རྩྭ་ཅུས་ཀྱིས་2021ལོའི་རྒྱལ་ཁབ་ནགས་ལས་ཅུས་སྲུང་སྐར་རྒྱང་ཚོར་ནགས་ཚལ་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་2021ལོའི་ནགས་ཚལ་ལྟ་ཞིབ་ཞིབ་བཤེར་དང་རང་བཤེར་སྙན་སེང་གི་གནས་ཚུལ་ལ་གཞིགས་ནས་མི་དེ་གཉིས་ཀྱིས་མོས་མཐུན་མ་ཐོབ་པར་རང་དགར་བོགས་གཡར་ས་ཆའི་ཤིང་བཅད་པའི་གནས་ཚུལ་ལ་དམིགས་ཏེ་ཁོ་གཉིས་པོར་དངུལ་ཆད་སྒོར་321046བཏང་བ་དང་ཁྲིམས་འགལ་གྱི་ཁང་པ་བཤིགས་པ་མ་ཟད། ད་དུང་ས་ཞིང་གི་སྔོ་ཁེབས་སླར་གསོ་བྱེད་དགོས་པའི་ཆད་པའང་བཅད་པ་རེད།

    མི་དེ་གཉིས་པོའི་བྱེད་སྤྱོད་དེ་ཁྲིམས་འགལ་ངང་ས་ཞིང་བདག་བཟུང་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ཡིན་པར་དམིགས་ཏེ་སྟོད་ལུང་སྤྱི་བདེ་ཡན་ལག་ཅུས་ཀྱིས་རང་འགུལ་ངང་འགན་འཁུར་བ་དང་འཕྲལ་མར་སྟོད་ལུང་བདེ་ཆེན་ཆུས་རང་བྱུང་ཐོན་ཁུངས་ཅུས་དང་མཐུན་སྦྱོར་བྱས་ནས་གྱོད་གཞི་དེའི་གཏོར་བཤིག་དང་སྦགས་བཙོག་སོགས་ཀྱི་གནས་ཚུལ་དག་ཡུན་ནན་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩྭ་རྩི་ཤིང་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ལ་གསལ་འབྱེད་བྱེད་པར་མངགས་བཅོལ་བྱས་པ་དང་གསལ་འབྱེད་ཡིག་ཆའི་བསམ་འཆར་དང་ཟུང་འབྲེལ་གྱིས“ས་ཆ་དེར་དེ་སྔ་ཨར་པོ་བརྒྱབ་པ་ལས་ས་ཆ་དེ་གའི་སྔར་ཡོད་ཀྱི་སྔོ་ཁེབས་དང་ས་ངོས་ལ་ཤུགས་རྐྱེན་ཕོག་པ་དང་ས་ཆ་དེ་རང་དུ་འདེབས་པའི་ཆ་རྐྱེན་དང་ནགས་ས་འདེབས་པའི་ཆ་རྐྱེན་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ”གཏན་འཁེལ་བྱས་པ་རེད།

    མིག་སྔར་སྟོད་ལུང་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་ཞུས་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་ངང་ས་ཞིང་བཟུང་སྤྱོད་བྱས་པའི་དོགས་ཡོད་གྱོད་གཞི་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་རྒྱག་པར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།