དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་རྐུ་མ་བརྐུས་པའི་གྱོད་གཞི་3བདེ་བླག་ངང་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    “རྡུང་རྡེག་ཚ་ནན་ལྔ་དང་འཛུགས་སྐྱོང་གཉིས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་གཙོ་འགན་གཙོ་ལས་ལ་དམིགས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། དམངས་འཚོའི་གྱོད་གཞི་ཆུང་གྲས་སྣ་ཚོགས་མྱུར་དུ་མྱུལ་ཞིབ་དང་རྩད་གཅོད། དུས་ཐོག་ཏུ་བརྐུས་ནོར་ཚུར་ལེན་དང་གྱོང་གུན་གསབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་གང་ཐུབ་བསྲུངས་ཡོད། ཟླ་6ཚེས་1ཉིན་སྣེ་གདོང་རྫོང་གི་ཉེས་དོན་ཉེན་རྟོག་པས་ཆུ་ཚོད་8རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རྐུ་མ་བརྐུས་པའི་གྱོད་གཞི་3མགྱོགས་མྱུར་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་2བཟུང་བ། ཁ་པར་3ཚུར་བླངས་པ་བཅས་མང་ཚོགས་ཀྱི་གྱོང་གུན་སྒོར་ཁྲི་2ལྷག་ཙམ་གསབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་1ཉིན་གྱི་ཆུ་ཚོད་11ཙམ་ལ་ཉེས་དོན་ཉེན་རྟོག་རུ་ཆེན་དུ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་འབྱོར་ཏེ། ཐེན་མཱ་ཕྱོགས་བསྡུས་ཁྲོམ་རའི་མཚན་ཁྲོམ་དུ་རྐུ་རྒྱག་གི་གྱོད་གཞི་2ཐོན་པ་ནི་སྒོར་13787རི་བའི་ལག་ཐོགས་ཁ་པར་གཅིག་དང་། སྒོར་5900རི་བའི་ལག་ཐོགས་ཁ་པར་གཅིག་བརྐུས་པ་དེ་རེད།

    ཉེན་བརྡ་འབྱོར་རྗེས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པས་འཕྲལ་མར་ས་ཆ་དངོས་སུ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བར་བསྐྱོད། མི་དམངས་ཉེན་རྟོག་པས་ས་ཆ་དངོས་ཀྱི་གློག་མིག་ནས་བླངས་པའི་བརྙན་ཐུང་ལ་དབྱེ་ཞིབ་དང་བསྡུར་བ་བྱས་པ་དང་། གྲོང་ཁྱེར་དང་ཅུས་ཀྱི་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་བརྙན་པར་མྱུལ་ཞིབ་ཁང་གི་གཞོགས་འདེགས་འོག་ཉེས་གསོག་དོགས་ཅན་པ་ཆེ་གེ་མོ་དང་བསྟན་ཆེ་གེ་མོ་བདེ་བླག་ངང་གཏན་འཁེལ་བྱས་ནས། གྱོད་དོན་སྙན་སེང་ཞུས་པའི་ཉིན་དེ་རང་གི་ཆུ་ཚོད་19ཙམ་ལ་དུས་བདེ་ཁུལ་ཆུང་གི་ཚོང་ཁང་ཞིག་ནས་ཉེས་གསོག་དོགས་ཅན་གཉིས་པོ་བཟུང་བ་རེད།

    འདྲི་རྩད་བྱས་པ་བརྒྱུད་། པ་ཆེ་གེ་མོ་དང་བསྟན་ཆེ་གེ་མོས་གོང་གསལ་གྱི་རྐུ་རྒྱག་གི་ཉེས་གསོག་དོན་དངོས་ཁས་བླངས་པ་མ་ཟད། ད་དུང་ཟླ་5ཚེས་29ཉིན་ལྷོ་ཁའི་ཧྲེན་ལི་དུས་རབས་ཐང་ཆེན་ནས་སྒོར་5000རི་བའི་ལག་ཐོགས་ཁ་པར་གཅིག་བརྐུས་པའི་ཉེས་གསོག་བྱེད་སྤྱོད་ངོས་ལེན་ཞུས་ཡོད། མིག་སྔར་གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་སྒང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།