དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཅེར་མོལ་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གཅེར་མོལ་བྱས་ནས་ཁ་བསླུས་བརྒྱབ་པའི་གསོག་འབོར་གྱོད་གཞི་ཞིག་རྩད་བཅད་པ་རེད།

    2021ལོའི་ཟླ་7ཚེས་4ཉིན་གནོད་འཚེ་ཕོག་མཁན་ལིའུ་ཆེ་གེ་མོས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་གྱོད་དོན་སྙན་སེང་ཞུས་ནས་2021ལོའི་ཟླ་6ཚེས་29ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཙམ་ལ་ངས་དྲ་ཐོག་ཏུ་གཅེར་མོལ་བྱས་པས་མི་གཞན་གྱིས་སྒོར་5396ཁ་བསླུས་བརྒྱབ་བྱུང་། དེར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་མི་མངགས་ནས་བརྟག་དཔྱད་བྱེད་རོགས་ཞེས་བཤད་པ་རེད། གྱོད་དོན་སྙན་སེང་འབྱོར་རྗེས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་བ་རེད།

    མི་དམངས་ཉེན་རྟོག་པས་དུས་འགོའི་བརྟག་དཔྱད་བྱས་ནས་ཐོབ་པའི་ཁུངས་སྣེར་དབྱེ་ཞིབ་དང་མཐའ་དཔྱོད་ལེབ་བཤེར་ཡང་ཡང་བྱས་མཐར་ཕོན་འབོར་ཆེ་བའི་ཁུངས་སྣེའི་ཁྲོད་ནས་ཉེས་གསོག་དོགས་ཅན་དེའི་རྗེས་ཤུལ་རྙེད་པ་རེད།

    ཟླ་5ཚེས་30ཉིན་ཀོང་ཤིས་ལའེ་པིན་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ལའེ་པིན་གྲོང་ཁྱེར་དུ་གབ་པའི་ཉེས་གསོག་དོགས་ཅན་ཝུའེ་ཆེ་གེ་མོ་བཟུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།