དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འགྲིམ་འགྲུལ་བདེ་འཇགས་སེམས་ལ་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཉེ་ཆར་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་རྫོང་རྒྱབ་ཀླུ་ཁང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ས་ཚིགས་སུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་སོགས་སྤྲོད་པའི་བྱེད་ཐབས་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་། ར་བཟི་ནས་རླངས་འཁོར་གཏོང་བ། མི་དང་ཅ་དངོས་ཚད་བརྒལ་བླུགས་པ། རླངས་འཁོར་གཏོང་སྐབས་ཉེན་ཐག་མི་འཆིང་བ། སྦག་སྦག་གཏོང་སྐབས་རྨོག་ཞྭ་མི་གྱོན་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཀྱི་གནོད་འཚེའི་རང་བཞིན་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།