དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཨ་མདོའི་སྤྱི་བདེས།

    ཁྲིམས་ལྟར་དྲ་རྒྱའི་དཀྲོག་གཏམ་བཟོ་མཁན་ལ་སྲིད་འཛིན་ཆད་པ་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་ལ་ལས་དོན་སྒྲུབ་སྐབས་གནས་ཚུལ་དེ་འདྲ་ཞིག་ཤེས་རྟོགས་ཐུབ་པ་སྟེ། དྲ་དམངས་ཤིག་གིས་བརྙན་ལམ་ལས་སྟེགས་ཤིག་ཏུ་ས་བབ་སྨི་5000ཡོད་པའི་གདང་ལར་ཁ་བ་མང་པོ་བབས་པ་དང་ཉིན་གསུམ་རླངས་འཁོར་ཤར་གཏོང་མི་ཐུབ་པས་བོད་དུ་ཡོང་མཁན་ཁ་ལོ་བ་3གསོ་རླུང་མི་འདང་བའི་དབང་གིས་རྐྱེན་ལམ་དུ་ཤོར་འདུག་ཅེས་པའི་ཆ་འཕྲིན་ཞིག་བསྐུར་ཡོད།

    ཞིབ་བཤེར་བྱས་པ་བརྒྱུད། རྒྱལ་ལམ་109ཡི་ཨ་མདོའི་ལམ་དུམ་བུའི་གདང་ལའི་ལ་འདབ་ཏུ་ཉེ་ཆར་བོད་ནས་འགྲོ་འོང་བྱེད་མཁན་མི་སྣ་ཤི་རྨས་ཀྱི་དོན་རྐྱེན་ཐོན་མེད་པ་དང་། འོན་ཀྱང་གངས་ཆེན་བབས་ཡོད་པ་རེད། ཟླ་5ཚེས་3ཉིན་ནས་ཟླ་5ཚེས་5ཉིན་བར། ཨ་མདོ་རྫོང་ཁོངས་སུ་རྒྱུན་མཐུད་གངས་བབས་པ་དང་རླུང་བུ་ཆེན་པོ་བརྒྱབ་པའི་དབང་གིས་རྒྱལ་ལམ་109ཨ་མདོའི་ལམ་དུམ་བུའི་ལམ་ངོས་སུ་གངས་བབས་ནས་འཁྱག་པ་ཐེབས་ཏེ་ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་འགག་ཡོད་པ་རེད།

    ཨ་མདོ་རྫོང་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་སྒོ་ནས་གངས་གཤོང་རྒྱུ་འགན་ལེན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་ནས་རྒྱལ་ལམ་109ཤར་བགྲོད་ཐུབ་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མཱ་ཆེ་གེ་མོས་རླངས་འཁོར་འགག་པའི་སྣང་ཚུལ་མཐོང་མ་ཐག་བརྟག་དཔྱད་ཡག་པོ་མ་བྱས་པར་དཀྲོག་གཏམ་བཟོས་པ་མ་ཟད། དྲ་རྒྱར་བརྒྱུད་བསྐུར་བྱས་པས། གནས་ཚུལ་ངོ་མ་མི་ཤེས་པའི་ཁ་ལོ་བ་སོགས་ལ་འཇིགས་སྣང་ཆེན་པོ་བཟོས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཉེ་ཆར་ཨ་མདོ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་མཱ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། དྲ་སྦྲེལ་ནི་བཅའ་ཁྲིམས་ཀྱི་ཐེ་ཇུས་བྱེད་ཁོངས་སུ་གཏོགས་པས་དྲ་དམངས་ཚོས་བསམ་བློ་ཞིབ་ཚགས་གཏོང་དགོས་པ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་མཉམ་དུ་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།