དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འབྲོང་པའི་སྤྱི་བདེས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།

    གྱོད་འབྲེལ་མ་དངུལ་སྒོར་ཁྲི་16ལྷག་ཙམ་འདེད་ལེན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

     ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཉེ་ཆར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་དེ་ཉེས་གསོག་དོགས་ཅན་10བཟུང་བ་མ་ཟད། གྱོད་འབྲེལ་མ་དངུལ་སྒོར་ཁྲི་16ལྷག་ཙམ་འདེད་ལེན་ཐུབ་པ་རེད།

    2023ལོའི་ཟླ་5ཚེས་30ཉིན། འབྲོང་པ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཐང་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར་བ་སྟེ། དངུལ་ཁང་གི་ལས་དོན་པར་བརྫུ་མཁན་ཞིག་གིས་ཁ་བསླུས་སྒོར་ཁྲི་19ལྷག་ཙམ་བརྒྱབ་བྱུང་བས་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་གནང་རོགས་ཞེས་ཞུས། འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་མྱུལ་ཞིབ་ལས་དོན་སྤེལ་བ་དང་དབྱེ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་གྱོད་གཞིའི་ཁུངས་སྣེ་གལ་ཆེན་ཤེས་རྟོགས་བྱུང་བ་རེད།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་སྔ་རྗེས་སུ་ཀོང་ཏུང་དང་། ཀོང་ཤིས། ཅང་སུའུ་སོགས་ཞིང་ཆེན་3དང་གྲོང་ཁྱེར་6ཏུ་བསྐྱོད་དེ་དུས་ཡུན་15འབད་འཐབ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་10གྲུབ་འབྲས་ཐོབ་པའི་ངང་བཟུང་བ་དང་། གྱོད་འབྲེལ་དངུལ་སྒོར་165060འདེད་ལེན་ཐུབ་པ། དངུལ་ཁང་གཱ་6དང་ཁ་པར་གཱ་6བསྡུས་པ། ལག་ཐོགས་ཁ་པར་གྱི་དངུལ་ཁང་རྩིས་ཁྲ་5མེད་པར་བཟོས་པ་རེད།

    མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཤང་ཆེ་གེ་མོས་2023ལོའི་ཟླ་བཞི་པ་ཚུན་དུ། མཚམས་སྦྱོར་མི་སྣ་སོགས་ལ་བརྫུས་ནས་མི་གཞན་ལ་དངུལ་ཁང་གཱ་མཁོ་འདོན་བྱེད་མཁན་ངོ་སྤྲོད་ཐེངས་མང་བྱས་པ་དང་འབྲེལ་དེའི་ལག་ཐོགས་ཁ་པར་དང་དངུལ་ཁང་གཱ་སྤྱད་དེ་དངུལ་ཁོངས་སྒྱུར་བ་མ་ཟད་དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱེད་པའི་བྱེད་སྤྱོད་དེ་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་རམ་བྱེད་པའི་ཉེས་པ་བསགས་པ་ཞིག་རེད། མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།