དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མོ་ཊས་འགྲུལ་པ་སྔོན་ལ་མི་གཏོང་བ་དང་གློག་སྒྲོན་དམར་ལྗང་ལུགས་མཐུན་བཙུགས་མེད་པར་གཞུང་ཕྱོགས་ཀྱིས་ལན་བཏབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

     ཉེ་ཆར་ལྷ་སའི་དྲ་གྲོགས་གཅིག་གིས་མི་དམངས་དྲ་བའི“འགོ་ཁྲིད་ལ་ལན་འཇོག་པའི”སྐར་ཁུང་བརྒྱུད། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཐད“གུས་ཞབས་ངང་འགྲུལ་པ་སྔོན་ལ་གཏོང་དགོས”པའི་གཏན་འབེབས་ཐད་གྲོས་འགོ་བཏོན་པ་སྟེ། ལྷ་སའི་འཕྲུལ་འགུལ་འཁོར་རིགས་ཀྱིས་གུས་ཞབས་ངང་འགྲུལ་པ་སྔོན་ལ་མི་གཏོང་བ་དང་གློག་སྒྲོན་དམར་པོ་དང་ལྗང་གུར་སྐྱོན་ཤོར་བ་སོགས་ནི་འགྲུལ་པའི་ངོས་ནས་བརྗོད་ན་ཧང་ཅང་ཉེན་ཁ་ཆེ་བ་མ་ཟད། དེས་ལྷ་ས་འདི་ཉིད་ཤེས་དཔལ་གྲོང་ཁྱེར་དང་། ཡུལ་སྐོར་གྲོང་ཁྱེར། བདེ་སྐྱིད་གྲོང་ཁྱེར་བཅས་འཛུགས་གཏོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་འབྲེལ་ཡོད་སྡེ་ཚན་གྱིས་འཕྲུལ་འགུལ་འཁོར་རིགས་ཀྱིས་འགྲུལ་པ་སྔོན་ལ་མི་གཏོང་བའི་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་གྲོང་མིའི་བྱང་ཚད་མཐོར་གཏོང་དང་ལྷ་སའི་གཟུགས་བརྙན་ལེགས་སུ་གཏོང་དགོས།

    དྲ་གྲོགས་དེའི་གྲོས་འགོ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཞིབ་བཤེར་བྱས་ནས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཕྱོགས་བཞིའི་ཐད་ནས་ལན་བཏབ་པ་སྟེ།

    གཅིག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སྟེ། འགྲུལ་པ་བདེ་འཇགས་ངང་གཞུང་ལམ་འཕྲད་བཅད་ཏོང་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། སློབ་གྲྭ་དང་སྨན་ཁང་སོགས་འགྲུལ་པ་མང་སའི་ལམ་དུ་ཐིག་ཕྲ་ཕྲ་འཐེན་པ་དང་། ས་ཆ་19ལ“འགྲུལ་པ་སྔོན་ལ་གཏོང་དགོས”ཞེས་པའི་ཡིག་འབྲུ་བྲིས་ཡོད། ཕྱིས་སུ་གྲོང་ཁྱེར་ཡོངས་ཀྱི་ལམ་མདོར་ལས་དོན་དེ་དག་སྤེལ་རྒྱུ་དང་ཆབས་ཅིག་དུས་ཚོད་དང་ལམ་དུམ་ཁག་གི་གནས་ཚུལ་ལ་གཞིགས་ནས་འགྲིམ་འགྲུལ་གློག་སྒྲོན་གྱི་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་མ་ཟད། འགྲིམ་འགྲུལ་གློག་སྒྲོན་གྱི་གནས་ཚུལ་ལ་དོ་སྣང་བྱས་ནས་སྐྱོན་ཤོར་ན་དུས་ཐོག་ཏུ་བཟོ་བཅོས་རྒྱག་རྒྱུ།

    གཉིས་ནས་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སྟེ། སྒྲིག་འགལ་གྱི་རླངས་འཁོར་རིགས་ལ་པར་རྒྱག་ས་མང་དུ་གཏོང་སྐབས་ཚན་རིག་དང་མཐུན་པའི་ངང་མི་སྔོན་ལ་མི་གཏོང་མཁན་གྱི་རླངས་འཁོར་སྤར་རྒྱག་པའི་སྒྲིག་ཆས་བསྒར་རྒྱུ་དང་མིག་སྔར་གནས་58ལ་ལས་དོན་དེ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    གསུམ་ནས་འགྲིམ་འགྲུལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ་སྟེ། ཡ་རབས་ངང་འགྲུལ་པ་སྔོན་ལ་གཏོང་བའི་དྲིལ་བསྒྲགས་ནང་དོན་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོའི་ནང་དོན་དུ་བརྩིས་ནས་ཁེ་ལས་དང་། ལས་ཁུངས། སློབ་གྲྭ གྲོང་ཚོ་ཨུ་ལྷན། དགོན་སྡེ། ཁྱིམ་ཚང་བཅས་སུ་སྐྱོད་དེ་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་དང་། དྲིལ་བསྒྲགས་སློབ་གསོའི་གློག་བརྙན་སྟོན་པ། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་འགྲེམས་པང་འགྲེམས་པ་བཅས་བྱས་ཏེ་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུ་དང་ཆབས་ཅིག་སྨྱན་སྦྱོར་གསར་པའི་ལེགས་ཆར་བརྟེན་པ་དང“དུས་བདེའི་ལྷ་ས”དང“ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པའི”སྐད་འཕྲིན་ཁྱུག་དབྱིངས་སྟེགས་བུ་བརྒྱུད“ཡ་རབས་ངང་འགྲུལ་པ་སྔོན་ལ་གཏོང་། ང་ཚོ་ཚང་མ་བདེ་འཇགས་ཡོང་བར་བྱེད”ཅེས་པའི་དྲིལ་བསྒྲགས་ནང་དོན་ཁྱབ་བསྒྲགས་བྱས་ཏེ་ཡ་རབས་འགྲིམ་འགྲུལ་གཏོད་པར་དམངས་ཡོངས་ཞུགས་པའི་རྣམ་པ་ཟབ་མོ་གཏོད་རྒྱུ།

    བཞི་ནས་ལམ་ངོས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་སྟེ། རྒྱུན་གཏན་འགྲིམ་འགྲུལ་དོ་དམ་ལས་དོན་ཁྲོད་ཁ་ལོ་བས་རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་ནས་འགྲུལ་པ་སྔོན་ལ་གཏོང་བ་དང་རྒྱ་ལམ་འགྲུལ་པས་གློག་སྒྲོན་དམར་པོར་སྣང་མེད་བཏང་ནས་འགྲོ་འོང་བྱེད་པ་དང་འཁོར་ལམ་ནས་བསྐྱོད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཡོ་བསྲང་བྱ་རྒྱུ་མ་ཟད། དྲ་ཐོག་དང་དྲ་ཕྱི་ནས་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ་ཚང་མས་ཡ་རབས་ངང་ཕྱིར་སྐྱོད་པར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།