དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།

    འདི་ལོ་གནས་འཕྲོད་ལས་འཚམ་གྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་48སྐྲུན་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་གནས་འཕྲོད་ལས་འཚམ་གྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་48སྐྲུན་པའི་རྣམ་གྲངས་ལག་བསྟར་དང་། གྲོང་གསེབ་ཀྱི་དུད་ཚང་1500ཡི་གསང་སྤྱོད་སྒྱུར་བཀོད། དུད་ཚང་14490མི་ཕྱུགས་ལོགས་དབྱེ་བཅས་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་10.7བཏང་ནས་མཛེས་སྡུག་ལྡན་པའི་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་35ལག་བསྟར་བྱས་པ་ལས་མིག་སྔར་རྣམ་གྲངས་2ལས་མཇུག་འགྲིལ་ཡོད་པ་དང་། དེ་མིན་གྱི་རྣམ་གྲངས་འདི་ལོའི་ཟླ་8པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་བའི་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱི་དུད་ཚང་ཁྲི་5.9ལ་གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཡོད་པ་དང་། ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་76%ཟིན་ཡོད། གཞན་ཡང་། “ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ”དང“སྔོན་ལ་བསྐྲུན་ནས་རྗེས་ལ་ཁ་གསབ་སྤྲོད་པའི”ཐབས་ལམ་ལ་བརྟེན་ནས་གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་20འཛུགས་རྩིས་ཡོད་པ་རེད།

    འདི་ལོའི་དུས་ཚིགས་དང་པོར། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཐེངས་1500སྤེལ་བ་དང་མི་ཐེངས་ཁྲི་8བཏང་ནས་གད་སྙིགས་ཏུན་300ལྷག་ཙམ་གཙང་སེལ་བྱས་པ་དང་། གྲོང་ཚོའི་ཡུར་བུ་དང་། ཆུ་ལམ། མཚོ་སོགས་རྒྱུད་ཀྱི་གད་སྙིགས་དང་། རྩིག་རུལ་གྱང་རུལ་53དང་། གྲོང་ཚོའི་སོག་མ་གང་བྱུང་དུ་འཇོག་ཡུལ་125 ཁུག་ཀྱོག་360བཅས་ཀྱི་གད་སྙིགས་གཙང་སེལ་བྱས་ཤིང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་ཐེངས་ཆིག་སྟོང་ལྷག་ཙམ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་ཚང་མ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།