དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བཟའ་བཅའི་བདེ་འཇགས་ལ་བརྟག་ཞིབ་བྱས་ནས་ཟས་སྤྱོད་ཀྱི་སེམས་ཁྲལ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    འདི་ནི་རྒན་གསོ་ཁང་གི་ཟ་ཁང་དུ་བརྟག་ཞིབ་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྫོང་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།

    ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་སྙན་སེང་ཉན་པ་བརྒྱུད། མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གིས་རྫོང་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ནས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀར་ཞུགས་མཁན་ལ་གསོ་སྦྱོང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་བྱེད་མཁན་གྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།