དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • “ལྟེ་བའི་རིན་ཐང་ལྟ་བའི་སྐོར་གྱི་འཆད་ཁྲིད་བརྒྱ་ཐམ་པའི”བྱེད་སྒོ་ཐེངས་བརྒྱ་དང་ཉེར་བཞི་པ་ཡུན་ནན་སློབ་ཆེན་དུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    ཚེས་28ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་སྐོར་གྱི་འཆད་ཁྲིད་བརྒྱ་ཐམ་པའི”བྱེད་སྒོ་ཐེངས་བརྒྱ་དང་ཉེར་བཞི་པ་ཡུན་ནན་སློབ་ཆེན་དུ་སྤེལ་ཞིང་། ཀྲུང་གོ་མི་དམངས་སློབ་ཆེན་མིང་ཏེ་རིག་གནས་འཆད་ཉན་ཁང་གི་ཡོན་ཀྲང་འབྲི་ཆུའི་མཁས་དབང་དམིགས་བསལ་གདན་ཞུའི་དགེ་རྒན་ཆེ་མོ་བ་ཧའོ་ལི་ཤིན་གྱིས་ཁ་བྱང་ལ《ཡིད་རྟོན་རིག་གནས་དར་སྤེལ་བཏང་ནས་ཡིན་རྟོན་སྤྱི་ཚོགས་འཛུགས་སྐྱོང་བྱེད》ཅེས་འཁོད་པའི་གཏམ་བཤད་གནང་བ་རེད།

    ཧའོ་ལི་ཤིན་གྱིས་ཡིད་རྟོན་ཞེས་པའི་གོ་དོན་ཐོག་ནས་འགོ་བརྩམས་ཏེ་ཡིད་རྟོན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཞི་རྩའི་རྩ་དོན། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་ཐུན་མོང་གི་རིན་ཐང་དོན་གཉེར་བཅས་ཡིན་ལུགས་འགྲེལ་བཤད་གསལ་པོ་བརྒྱབ་ཅིང་། ཁོང་གིས། ཡིད་རྟོན་རིག་གནས་དར་སྤེལ་བཏང་ནས་ཡིད་རྟོན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཡིད་རྟོན་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ཚེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་ཐད་ལ་སྤྱི་མོས་ཐོབ་སེམས་ཆེ་རུ་འགྲོ་བ། སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་འགྲོ་བ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་བསྟན་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཨར་ཡོན་རྫོང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་མཚན་འཛིན་ཀྲུའུ་རེན་ལི་ཀུའེ་ཁོ་ནི་ཁ་དན་ཚིག་གནས་ཀྱི་མིག་དཔེ་ལྟ་བུ་ཡིན་ཞིང་། ཁོང་གིས་ལོ་40ལྷག་ཙམ་རིང་ཨར་ཡོན་རྫོང་གི་ཧྲན་ཧྲི་ཕིན་གྲོང་ཚོར་ལས་གནས་བརྟན་པོ་བསྲུངས་པ་དང་། མཛེ་ནད་གསོ་བཅོས་བྱས་རྗེས་ཡུལ་མི་ཚོའི་སྣེ་ཁྲིད་དེ་སློབ་ཆུང་བཙུགས་པ་དང་འདེབས་འཛུགས་གསོ་ཚགས་བྱས་ཏེ། འབད་འཐབ་ཆེན་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱས་ནས་གྲོང་ཚོ་ཧྲིལ་པོ་ཕྱུག་འགྱུར་འབྱོར་འབྲིང་ལམ་དུ་བསྐྱོད་པའི་གཏམ་རྒྱུད་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།