དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྩིས་བཤེར་ལས་དོན་དང་སློབ་གསོའི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་དམིགས་ཏེ་ལྟ་སྐུལ་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། སྐོར་གཟིགས་དང་མངགས་གཏོང་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པ། ཞིབ་ཕྲ་དང་། གནད་སྨིན། རྒྱུན་རྣམ་ཅན་བཅས་ཀྱི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་གྱིས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་དང་རྩིས་བཤེར་ལྟ་སྐུལ་འབྲེལ་མཐུད་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་། གྱོད་གཞི་ཆེ་གྲས་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས། མ་དངུལ་གལ་ཆེན་སོགས་ལ་དམིགས་ཏེ་རང་འགུལ་ངང་འབྲེལ་མཐུད་བྱེད་པ། རྩིས་བཤེར་ལྟ་སྐུལ་གྱི་གྲུབ་འབྲས་གཏིང་ཟབ་ངང་སྤྱོད་པ། རྩིས་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལ་ལྟ་སྐུལ་བྱེད་པར་གཞོགས་འདེགས་ཡག་པོ་བཅས་བྱས་ནས་དག་ཐེར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྔ་ཕྱི་བར་གསུམ་དུ་ནན་པའི་དགོངས་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་། ལྐོག་ཟ་བྱས་ན་ངེས་པར་དུ་ནན་པོ་བཤེར་པ་མཐའ་འཁྱོངས་བྱས་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་དམངས་ཕན་དང་སློབ་གསོར་ཕན་པའི་སྲིད་ཇུས་ལག་བསྟར་དང་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་སོགས་ཐད་ཀྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།