དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུས།

    ཁེ་ལས་ལ་དྲ་རྒྱའི་ཤེས་དཔལ་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    ཁེ་ལས་ཀྱི་ལས་བཟོའི་དྲ་རྒྱའི་ཤེས་དཔལ་དང་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུའུ(དྲ་འཕྲིན་གཞུང་ལས་ཁང)ཡིས་ཆུས་དཔལ་འབྱོར་ཆ་འཕྲིན་ཅུས་དང་མཉམ་དུ་ཁེ་ལས་ལ་དྲ་རྒྱའི་ཤེས་དཔལ་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུའི(དྲ་འཕྲིན་གཞུང་ལས་ཁང)ལས་དོན་མི་སྣས《སྟག་རྩེ་ཆུས་ཀྱི་དྲ་རྒྱའི་ཤེས་དཔལ་སྤྱི་ཆིངས》དང《སྟག་རྩེ་ཆུས་ཀྱི་དྲ་རྒྱའི་ཤེས་དཔལ་གྱི་གྲོས་དོན་ཡི་གེ》སྒྲོག་སྦྱངས་བྱས་པ་རེད། དེ་རྗེས་བོད་ལྗོངས་ཁྲུན་ཀོང་བཟའ་བཅའ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཏེ་ཀྲུང་ས་ཁམས་ཆ་འཕྲིན་ཚད་ཡོད་ཀུང་སིའི་འཐུས་མིས་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲ་རྒྱའི་ཤེས་དཔལ་ལ་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁེ་ལས་ཀྱི་ལས་བཟོའི་དྲ་རྒྱའི་ཤེས་དཔལ་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ཁེ་ལས་ཀྱི་དྲ་རྒྱའི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། སྟག་རྩེ་ཆུས་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་དྲ་རྒྱའི་ཤེས་དཔལ་དྲིལ་བསྒྲགས་བྱེད་སྒོར་མུ་མཐུད་སྐུལ་འདེད་དང་། མི་སྒེར་དང་ཚོགས་པ་དེ་བས་མང་བས་དྲང་ནུས་ཁྱབ་སྤེལ་མཁན་བྱེད་པར་འབོད་སྐུལ་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།