དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲོན་བོད་ས་གནས་གཉིས་ཀྱི་ཁྲིམས་ཁང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ཞབས་འདེཌ་འགན་ལེན་བྱེད་པའི་ཁྲིམས་འཛིན་མཉམ་ལས་ཀྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཉེ་ཆར། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དབར《ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ཞབས་འདེགས་འགན་ལེན་བྱེད་པའི་ཁྲིམས་འཛིན་མཉམ་ལས་ཀྱི་གྲོས་མཐུན》བཞག་ནས། ཁྲོན་བོད་ལྕགས་ལམ་གྱི་དུས་རབས་ཀྱི་ལས་གྲྭ་འདི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཛིན་འགན་ལེན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་མིང་རྟགས་འགོད་པའི་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། སི་ཁྲོན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཝང་ཧྲུའུ་ཅང་དང་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚེ་བསྟན་གྱིས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཁྲོན་བོད་ལྕགས་ལམ་བོད་ལྗོངས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་བོད་ལྗོངས་ལྕགས་ལམ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་ཞུས་ལྟར་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    གྲོས་མཐུན་ནང་། ཉེས་དོན་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། དམངས་དོན་རྩོད་གཞི་འདུམ་འགྲིག་ནུས་ལྡན་བྱེད་པ། སྲིད་འཛིན་རྩོད་གཞི་འདྲི་ཞིབ་བརྟན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྱོད་གཞི་ལག་བསྟར་ནུས་ལྡན་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞུ་གཏུག་ཡོང་ཁུངས་བཅོས་སྐྱོང་གཏིང་ཟབ་བྱེད་པ། ཞུ་གཏུག་གི་ཞབས་འདེགས་ལ་ཤུགས་སྣོན་རྒྱག་པ། ལམ་རྒྱུད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཧུར་ཐག་ཞུགས་པ། ཁྲུན་གཅོད་ཚད་གཞི་གཅིག་གྱུར་བཟོ་བ། རྣམ་པ་སྣ་ཚོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ལ་དམིགས་ཏེ་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།