དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་སྤྱི་བདེ་ཐིང་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོས་ལྗོངས་སྤྱི་བདེ་ཐིང་གི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། དངུལ་རྩ་སོགས་ལས་རིགས་ཀྱི་གཞུང་ཁོངས་དང་དམངས་གཉེར་ཁེ་ལས་11གི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ངོ་ཐུག་གདོང་འཕྲད་ཀྱིས་གསན་པ་དང་། ཁེ་ལས་པས་བཏོན་པའི་དྲི་བ་རེ་རེ་བཞིན་ལ་ས་གནས་ས་ཐོག་ཏུ་ལན་བཏབ་པ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཞི་པ་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས་པ་རེད།

    ཚོགས་འདུར། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྐྱོང་ཞབས་འདེགས་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞན་ཆ་འཚོལ་བཤེར་དང་མི་འདང་ས་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱས་ཏེ་ལག་ལེན་བསྟར་ཆོག་པའི་དག་ཐེར་བྱ་ཐབས་ཞིབ་ཕྲ་བཏོན་ནས་ལན་འདེབས་བསམ་འཆར་ཁ་གསལ་འདོན་པ། སྤྱི་བདེའི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་དོན་ཞབས་འདེགས་དེ་བས་མང་བ“དྲ་གཅིག་ཀུན་སྒྲུབ”ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་བདག་དབང་དང་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་གི་སྒྲིག་ལམ་དང་། དེ་བཞིན་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་སྒྱུར་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན། ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་བདེ་ལས་ཁུངས་དང་ཁེ་ལས་དབར་གྱི་སྲིད་ཚོང་གི་ཉེ་གཙང་འབྲེལ་བ་གསར་པ་ཧུར་ཐག་འཛུགས་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།