ཞིབ་དཔྱོད་ལས་ཁུངས་ཀྱིས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པ།
འདི་ནི་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་སྒོ་དབྱེའི་ཉིན་མོའི་བྱེད་སྒོའི་ནང་སློབ་མའི་འཐུས་མིས་རི་མོ་འབྲི་བཞིན་པ།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་དང་། ཞིབ་དཔྱོད་ལས་དོན་སྔར་བས་ཡོངས་བསྒྲགས། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁྲིམས་སྐྱོང་ཁོར་ཡུག་ཧུར་ཐག་གཏོད་པ། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གྱི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་གང་ལེགས་མངོན་པ་བཅས་བྱ་ཆེད། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ལས་ཁུངས་དང་མཉམ་དུ་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། སློབ་མ་ཆུང་ཆུང་ཚོས་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འགྲེལ་བཤད་པའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་ངང་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་བར་ཁྱམས་དང་། ཁྲིམས་སྐྱོང་གྱོད་དོན་དཔེ་མཚོན་ཁུལ། “ཐིའུ་ཕུབ”ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་བྱེད་སྒོའི་ལྟེ་གནས་བཅས་སུ་ལྟ་སྐོར་བྱས་པ་དང་། འགྲེམས་པང་ལ་བརྟེན་ནས་འགྲེལ་བཤད་བརྒྱབ་པ་བརྒྱུད་ཕྲུ་གུ་ཚོས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ལ་རྒྱུས་མངའ་ལོན་པ་དང་། གྱོད་དོན་དཔེ་མཚོན་གསལ་འགྲེལ་བྱས་པ་བརྒྱུད་ཕྲུ་གུ་ཚོས་རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ལུགས་ཤེས་པ། རོལ་རྩེད་རྩེད་པ་བརྒྱུད་ཕྲུ་གུ་ཚོས་ནམ་རྒྱུན་དང་མི་འདྲ་བའི་ཞིབ་དཔྱོད་དཔོན་གྱི་གཟུགས་བརྙན་མཐོང་བ་བཅས་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། དྲི་བ་འདོན་པ་དང་ལེན་འདེབས་པ། རྩེད་མོ་རྩེ་བ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་གློག་བརྙན་ལྟ་བ་སོགས་ཉམས་ལེན་རང་བཞིན་གྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། སློབ་མ་ཚོའི་བདེ་འཇགས་འགོག་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།
བྱེད་སྒོ་མཇུག་འགྲིལ་མཚམས་སུ་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གྲོགས་པོ་ཆུང་ཆུང་ཚོར་ལག་རྟགས་ཆུང་ཆུང་སྤྲད་པ་དང་། ཚང་མས“ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་ལས་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད་ཤེས་བྱ་མང་པོ་ཤེས་བྱུང་བས་དོན་སྙིང་ཆེན་པོ་ལྡན་པའི་བྱེད་སྒོ་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ད་ཐེངས་ཀྱི་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ལས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་དེ་ཞིབ་དཔྱོད་ལས་ཁུངས་ཀྱི་སྐར་ཁུང་ཞིག་དང་། སློབ་ཚན་ཞིག ལས་སྟེགས་ཤིག འབྲེལ་ཟམ་ཞིག་བཅས་སུ་གྱུར་ནས། མི་དེ་བས་མང་བས་ཞིབ་དཔྱོད་ལས་ཁུངས་སུ་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཤེས་རྟོགས་ཐུབ་པར་བྱས་ཡོད། གོམ་སྟབས་རྗེས་མར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“སེམས་ཁམས་སློབ་གསོ་དང་། ཕུགས་བསམ་དོན་གཉེར། འཚར་ལོངས་སྲུང་སྐྱོབ”བཅས་ཀྱི་ལས་ཀའི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྤུས་རྟགས་སྐྱེད་སྲིང་གི་འདུ་ཤེས་དང་སྤུས་རྟགས་གཏོད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁྲིམས་ལྟར་རང་འགུལ་ངང་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་ཞིབ་དཔྱོད་འགན་ནུས་གཅིག་སྡུད་གཅིག་གྱུར་ལག་ལེན་བསྟར་ཏེ། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་དེང་རབས་ཅན་ལ་བརྟེན་ནས་ཞིབ་དཔྱོད་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ནས། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁྲིམས་འཛིན་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།