དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས།

    ལག་བསྟར་གྱོད་གཞིའི་མ་དངུལ་སྒོར་ཁྲི་183 ལྷག་ཙམ་གཅིག་སྡུད་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས་དོ་བདག་15ལ་ལག་བསྟར་གྱོད་གཞིའི་མ་དངུལ་སྒོར་ཁྲི་183ལྷག་ཙམ་གཅིག་སྡུད་སྤྲད་ནས“ཤོག་ངོས་ཀྱི་ཁེ་དབང”དེ་གང་མགྱོགས“དངུལ་སྨར”ལ་བསྒྱུར་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པས་ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས་རིགས་ཁག་གི་ལག་བསྟར་གྱོད་གཞི་96བདག་སྤྲོད་བྱས་པ་དང་། གྱོད་གཞི་62ཐག་གཅོད་བྱས་པ། གྱོད་ཐག་གཅོད་ཚད་64.58%ཟིན་པ། ལག་བསྟར་དམིགས་རྟེན་རེ་འདུན་དངུལ་འབོར་སྒོར་ཁྲི་7104ལྷག་ཙམ་ཟིན་པ། གྱོད་གཞི་ཐག་གཅོད་ཀྱི་དམིགས་བྱའི་དངུལ་འབོར་སྒོར་ཁྲི་5881.7ལྷག་ཙམ་ཟིན་པ། དངོས་སུ་སྒོར་ཁྲི་5547.2ལྷག་ཙམ་ལག་བསྟར་དོན་འཁྱོལ་བྱུང་བ། དངོས་སུ་དམིགས་སར་འབྱོར་ཚད་78.09%ཟིན་ཡོད་པ་རེད།

    “གོམ་སྟབས་རྗེས་མར་ང་ཚོས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་པ་དང་། འགན་འཁྲི་དང་ལས་ཀ་གཙོ་བོར་གཞི་ཚུགས་པ། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། གྱོད་གཞི་སྒྲུབ་སྟངས་ལེགས་སུ་གཏོང་བ། ལག་བསྟར་བྱེད་ཐབས་གསར་གཏོད། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་ཀྱི་ཡིན”ཞེས་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་པས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།