དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྨན་ཁང་དུ་མེ་ཟོན་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-28

    གཅིག སྨན་ཁང་གི་མེ་སྐྱོན་སྔོན་འགོག་དོན་ཚན།

    1.ནད་ཁང་གི་བར་ཁྱམས་སུ་དངོས་པོ་གང་བྱུང་མི་བཞག་པར་སྐྱོད་བདེ་པོ་ཡོང་བ་བྱེད་པ་དང་འབྲེལ་གལ་སྲིད་མེ་སྐྱོན་ཐོན་ན་མེ་གསོད་ཐུབ་པ་དང་ནད་པ་བྲོས་བདེ་པོ་ཡོང་བ་བྱེད་དགོས།

    2.ཨ་རག་ཉིང་ཁུ་སོགས་འབར་སླ་བའི་སྨན་རྫས་ཉར་ཚགས་བྱེད་སྐབས། རབ་བྱུང་ན་ཤེལ་དམ་མམ་ཡང་ན་ཆེད་སྤྱོད་འགྱིག་དམ་ནང་བླུག་དགོས་པ་ལས། ཁ་གཅོད་མེད་པའི་བླུགས་སྣོད་ནང་བླུག་མི་རུང་། ཨ་རག་ཉིང་ཁུ་ལྷག་མ་ཉར་ཚགས་བྱེད་སྐབས་ཁ་གཅོད་དམ་པོ་རྒྱག་པ་དང་འབྲེལ་བསིལ་སར་འཇོག་དགོས།

    3.ནད་ཁང་དུ་དྲོད་གཏོང་སྐབས་རབ་བྱུང་ན་ཆུ་ཚ་པོ་དང་ཚ་རླུང་སྤྱོད་དགོས། གལ་ཏེ་གློག་ཐབ་སོགས་སྤྱོད་ན་ངེས་པར་དུ་མེ་སྐྱོན་ལ་ཡིད་གཟབ་བྱེད་དགོས།

    4.ནད་པ་དང་ནད་གཡོག་ལ་ལྟོ་ཚ་པོ་བཟོ་བྱེད་ཀྱི་ཐབ་མཁོ་འདོན་བྱས་ན། ཆེད་མངགས་ས་ཆ་བཀོད་སྒྲིག་བྱེད་པ་དང་འབྲེལ་དོ་དམ་མི་སྣ་བཀོད་སྒྲིག་བྱེད་དགོས།

    5.ནད་ཁང་གི་གློག་ཆས་དང་སྒྲིག་ཆས་རང་དགར་སྤོ་མི་ཆོག་ལ་རང་འགར་བརྙན་འཕྲིན་འཕྲུལ་ཆས་དང་། གློག་གི་རླུང་གཡབ། འཁྱགས་སྒམ་སོགས་ཉར་མི་ཆོག

    གཉིས། སྨན་ཁང་དུ་མེ་སྐྱོན་ཐོན་ན་རང་སྐྱོབ་བྱེད་ཐབས།

    1.ནད་ཁང་དུ་སྡོད་སྐབས་རང་ཉིད་དང་བར་ཐག་ཉེ་ཤོས་ཀྱི་སྲོག་ཐར་ལམ་ཐིག་དང་མེ་གསོད་ཡོ་བྱད་ལ་ཡིད་འཇོག་བྱེད་དགོས།

    2.མེ་སྐྱོན་ཐོན་ན་དངངས་སྐྲག་མི་བྱེད་པར་ཨ་ཅོར་རློན་པ་དང་ཁ་རས་ཀྱིས་ཁ་བཀབ་ནས་དུ་བ་དང་དུག་རླངས་འགོག་དགོས།

    3.ཉལ་ཁང་ཐོག་སོ་གསུམ་ཡན་དུ་ཡོད་ན་ཉེན་གཡོལ་བྱེད་སར་སྡོད་པའམ་ཡང་ན་ཐོག་ཁར་འཛེགས་ནས་སྐྱོབ་མཁན་སྒུག་དགོས། གལ་ཏེ་ཐོག་སོ་གསུམ་པ་མན་ཆད་ཡིན་ན། ནད་གཞི་ལྕི་བའི་ནད་པ་སྒེའུ་ཁུང་འཁྲིས་སུ་དབོར་ནས་སྦི་ཅི་ལི་སོཌ་བརྒྱབ་ནས་གཡུག་གཡུག་བྱས་ཏེ་སྐྱོབ་མཁན་མེ་ཟོན་རུ་མི་སྒུག་དགོས།

    4.ཁང་པའི་ཉི་གཡབ་དང་། བར་ཁྱམས། ཉེན་གཡོལ་བྱེད་ས། སྲོག་སྐྱོབ་ཁུག་མ། བདེ་འཇགས་ཐག་པ་སོགས་ལ་བརྟེན་ནས་ཉེན་ཁ་ལས་ཐར་ཐབས་བྱེད་དགོས་ལ། ཐན་ཙེས་ཐག་པ་བཟོས་ནས་ཉེན་ཁ་ལས་ཐར་ཐབས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།