མངའ་རིས་ས་ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་ནཌ་རྩྭའི་ཐོན་ཁུངས་སྲུང་སྐྱོང་ལ་ལྟ་བཤེར་བྱས་པ།
ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ས་ཁུལ་སྤྱི་བདེ་ཁྲུའུ་ནགས་ཚལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་དཔྱད་གཞིར་ལྟ་བཤེར་དང་འདྲི་རྩད་སོགས་ཀྱི་བྱེད་ཐབས་བརྒྱུད། རྫོང་བདུན་གྱི་ནགས་ཚལ་རྩྭ་ཐང་ཅུས་དང་། ཤང་དང་གྲོང་རྡལ་ཁག་གཅིག ནགས་ཚལ་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་། རྩི་ཤིང་གི་ནད་ཡམས་བརྟག་ཞིབ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།
ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་རྫོང་7དང་། ཤང་དང་གྲོང་རྡལ་6 ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགན་འཁྲིའི་ཚན་པ་18 ནགས་ཚལ་དང་འབྲེལ་བའི་ཁེ་ལས་དང་ཚོང་དུད་24 སྡོང་ཕྲུག་རྟེན་གཞི་2 རང་བྱུང་སྲུང་སྐྱོང་ཁུལ་3བཅས་སུ་བསྐྱོད་དེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་བཟོས་མིན་ལ་གཙོ་གནད་ཞིབ་བཤེར་བྱས་པ་དང་འབྲེལ། མི་སྣ་སྒྲིག་འཛུགས་ཀྱིས་ནང་སྦྱོང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ལག་བསྟར་བྱས་ཤིང་། མེ་ཟོན་སྒྲིག་གཞི་དང་མི་བཀོད་སྒྲིག་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དངོས་རྫས་གྲབས་གསོག དུས་ཐོག་ཏུ་དངོས་ཟོག་བརྗེ་བ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཁར། ཆེད་བསྐོས་སམ་ཡང་ན་འགན་གཅིག་ལྕོགས་ཀྱི་ནགས་སྲུང་བ་བཀོད་སྒྲིག་གིས་ནགས་ཚལ་དང་རྩྭ་ཐང་ལ་སྐོར་ཞིབ་བྱེད་མིན་དང་། ཕྱི་རོལ་དུ་མེ་སྤྱོད་པར་དོ་དམ། མེ་ཟོན་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བ། སྤྱི་ཕན་ནགས་ཚལ་གྱི་བདག་སྐྱོང་བ་དང་ནགས་སྲུང་བ་སོཌ་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དུས་ཐོག་ཏུ་ཤེས་རྟོགས་དང་སྙན་སེང་ཞུ་བ། སྔོན་ཚུད་ནས་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།
ཐེངས་འདིའི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་རིང་། མི་ཐེངས་60བཏང་ནས་ལམ་ཐག་སྤྱི་ལེ་2569ཙམ་བསྐྱོད་ཅིང་། དྲིལ་བསྒྲགས་དངོས་པོ་330དང་དྲིལ་བསྒྲགས་ལག་དེབ་850སྤྲད་པ་དང་། འཕྲེད་འགེལ་ཡི་གེ་7སྦྱར་བ། དུས་ཚོད་ཡོལ་བའི་ཞིང་སྨན་དང་། བཟའ་བཅའ། ས་བོན་འགྱིག་ཕད(འགྱིག་དམ)296གཞུང་བཞེས་བཏང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་མངོན་མེད་རྐྱེན་ངན་1ཤེས་རྟོགས་བཅས་བྱས་ནས། རྫོང་ཁག་གི་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་རིམ་ཁག་ནགས་དཔོན་ལམ་ལུགས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་དུས་ཐོག་ཏུ་སྐུལ་མ་བཏང་བ་དང་འབྲེལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་ཐོན་ཁུངས་སྲུང་སྐྱོང་གི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ནགས་ཚལ་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།