དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“གསར་བརྗེའི་ཞིབ་སློབ”ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-27

    ཉེ་ཆར། རྫ་ཡུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུས་ཁང་ཡོངས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པ་སྒྲིག་འཛུགས་གྱིས་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོའི་མཐའ་སྟོབས་སྦྱོང་བརྡར་སྒར་ས་དང་། གྲོང་གསར་གྱི་ཏེང་པའི་གྲོང་ཚོར་བསྐྱོད་དེ། “གསར་བརྗེའི་དྲན་འཆར་འཚོལ་ཞིབ་དང་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་བྱེད་པའི”གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས། གསར་བརྗེའི་ལམ་དུ་ཡང་བསྐྱར་བསྐྱོད་པ་དང་། གསར་བརྗེའི་དྲན་འཆར་ཁུངས་འདེད། ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་བཅས་བྱས་པ་རེད།

    རྫ་ཡུལ་རྫོང་ས་མ་གྲོང་ཚོའི་མཐའ་སྟོབས་སྦྱོང་བརྡར་སྒར་སར། འགྲེལ་བཤད་པས་ཏང་ཡོན་ཚོར་རྫ་ཡུལ་གྱི་དམག་དམངས་ཚོས་ལོ་70ལྷག་ཙམ་རིང“མེ་མདའ་ཕྲག་ཏུ་ཁུར་ནས་ཡུར་མ་ཡུར་ཞོར་མཐའ་མཚམས་བསྲུངས་ཤིང་། ཐོང་གཤོལ་དང་རལ་གྲི་ཕྱར་ནས་མཐའ་མཚམས་དར་རྒྱས་བཏང་བའི”འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རྩ་ཆེའི་སྙིང་སྟོབས་ལ་འགྲེལ་བཤད་ནན་ཏན་བརྒྱབ་པ་རེད། ཡར་སྔོན་གྱི་ཐུན་མོང་མ་ཡིན་པའི་ལོ་ཟླ་དང་དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ལས་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ལ་སེམས་འགུལ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། དེ་རྗེས་ཏང་ཡོན་ཡོངས་ཀྱིས་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ནས་མཐའ་སྲུང་སྐོར་གཡེང་ལམ་བུར་བསྐྱོད་ཅིང་། གདོད་མའི་ནགས་ཚལ་བརྒྱུད་ནས་རྐང་ཐང་མར་བསྐྱོད་དེ་མཐའ་སྲུང་དཔོན་དམག་གི་མཐའ་སྲུང་ལམ་བུར་དངོས་སུ་ཉམས་ལེན་བྱས་པ་རེད།

    རྫ་ཡུལ་རྫོང་གྲོང་གསར་གྱི་ཏེང་པའི་དྲིན་ཚོར་ཐང་ཆེན་དུ། འགྲེལ་བཤད་པས་ཏེང་པས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་སྔོན་ཆད་ཀྱི་དཀའ་སྡུག་ལས་གྲོལ་ཏེ་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་སྐོར་གླེང་ནས། ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ལ་གསོན་ཉམས་དོད་པའི་ཆབ་སྲིད་སློབ་གསོའི་སློབ་ཚན་ཞིག་ཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།