དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷོ་ཁའི་རིམ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-27

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མེ་འཁོར་བབས་ཚུགས་ཉེ་འགྲམ་གྱི་ལས་ཡུལ་ཞིག་ཏུ་གློག་སྐུད་བརྐུས་པའི་གྱོད་གཞི་ཐེངས་གཉིས་བསྟུད་མར་ཐོན་པར་ཁྱོན་གློག་སྐུད་ཀྱི་རིང་ཚད་སྨི་1500ལྷག་ཙམ་ཟིན་པ་དང་། རིན་ཐང་སྒོར་ཁྲི་100ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    གྱོད་གཞི་ཐོན་རྗེས་ལྷོ་ཁ་གྲོང་ཁྱེར་དང་སྣེ་གདོང་ཆུས་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་གྱོད་གཞིའི་བརྒྱུད་རིམ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་མར་ཉེན་རྟོག་པ་ཧྲག་འདེམས་བྱས་ནས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་གྱོད་གཞི་མྱུལ་ཞིབ་ལས་དོན་སྤེལ་བ་རེད། འདྲི་རྩད་བརྟག་དཔྱད་དང་། ས་གནས་ས་ཐོག་ཏུ་རྩད་ཞིབ། ཆ་འཕྲིན་མཐའ་དཔྱོད་སོགས་རྨང་གཞིའི་ལས་དོན་འབོར་ཆེན་ཁྲོད་གྱོད་གཞིའི་ཁུངས་སྣེ་བཙལ་འཚོལ་དང་ཁྲིམས་བཞིན་རྩད་གཅོད་བྱས་མཐར་བྱམས་ཆེ་གེ་མོ་དང་། སྐར་ཆེ་གེ་མོ། ཀྲང་ཆེ་གེ་མོ་བཅས་ཀྱིས་གྱོད་གཞི་ཚབས་ཆེན་བསགས་པའི་དོགས་པ་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཟླ་4ཚེས་12ཉིན། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྐུས་རྫས་མེད་པར་བཟོ་བཞིན་པའི་སྐར་ཆེ་གེ་མོ་དང་། ཉེས་གསོག་གི་ཐོབ་ཆ་འགེབས་སྲུང་བྱེད་མཁན་ཀྲང་ཆེ་གེ་མོ། དེ་བཞིན་རྐུ་རྒྱག་གི་དོགས་གཞི་ཡོད་པའི་བྱམས་ཆེ་གེ་མོ་བཟུང་བ་དང་ཉེས་གསོག་དོགས་ཅན་3གྱིས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།