དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་དགོངས་དོན་གལ་ཆེན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-27

    ཉེ་ཆར་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་དགོངས་དོན་གལ་ཆེན་སྒྲོག་འགྲེལ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མངགས་གཏོང་ཁང་གི་སྒྲོག་འགྲེལ་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་དཔྱད་ཡིག་འཁྱེར་ནས་གནས་སྤོས་བཀོད་སྒྲིག་ས་ཚིགས་དང་ཨར་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་ཁོངས་གཏོགས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོའི་སྲིད་ཇུས་སོགས་ནང་དོན་ལ་དམིགས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་། དམངས་ཕན་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་དང་དགོངས་དོན་གལ་ཆེན་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ཏེ་དགོངས་དོན་གལ་ཆེན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། འདི་ནི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།