དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་མཐོ་གནོན་ཧ་ཡང་གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-27

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ཞིབ་ཚགས་དང་བྱ་སྤྱོད་མགྱོགས་མྱུར་ངང་སྤེལ་བས་མཐོ་གནོན་ཧ་ཡང་གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་དེ་ཉེས་གསོག་དོགས་ཅན་5བཟུང་བ་རེད།

    ཟླ་5ཚེས་10ཉིན། གོང་དཀར་རྫོང་སྤྱི་བདེ་ཅུས་བྱང་ཐང་གྲོང་རྡལ་མངགས་གཏོང་ཁང་གིས་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་མཐོ་གནོན་ཧ་ཡང་གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་རྩིས་སྤྲད་ཅིང་། གོང་དཀར་རྫོང་ཟོག་གོང་ཅུས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། མཐོ་གནོན་ཧ་ཡང་གློག་སྐུད་ལ་རིན་ཐང་གོང་སྒོར་16777.97རི་བས། རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བརྟག་དཔྱད་བྱེད་རོགས་ཞུས་པ་རེད།

    གྱོད་དོན་སྙན་སེང་འབྱོར་རྗེས། གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ནས་གྱོད་གཞི་ཐོན་ཡུལ་དུ་རྩད་ཞིབ་དང་བརྟག་དཔྱད་དཔང་ལེན་བྱས་པ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་ཉེ་འཁོར་གྱི་ལྡིར་སོ་འཕྲུལ་ཆས་ལ་བལྟས་པ་དང་སྐད་ཆ་འདྲི་བ་དང་གྲལ་བཤེར་ལས་དོན་སྤེལ་བ་བརྒྱུད། དོགས་ཡོད་རླངས་འཁོར་ཅིག་གཏན་འཁེལ་བྱས་པ་རེད།

    རླངས་འཁོར་དེའི་འགྲོ་ཤུལ་ལ་དབྱེ་ཞིབ་བྱས་པ་བརྒྱུད། རླངས་འཁོར་དེའི་ནང་བླུགས་པའི་དངོས་རྫས་དག་ཧ་ཡང་གློག་སྐུད་འདྲ་པོ་ཡོད་པ་དང་། ཟླ་4ཚེས་29ཉིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟོག་རོ་འཇོག་ས་ཞིག་ཏུ་རླངས་འཁོར་ནང་བླུགས་པའི་ཧ་ཡང་གློག་སྐུད་བཙོངས་པ་ཤེས་རྟོཌ་བྱུང་བ་རེད།

    ཟླ་5ཚེས་9ཉིན། གྱོད་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་དོགས་ཡོད་རླངས་འཁོར་གྱི་དོ་བདག་དང་རླངས་འཁོར་ནང་མཉམ་དུ་ཡོད་པའི་མི་སྣ་རྫོང་སྤྱི་བདེ་ཅུས་གྱོད་གཞི་ཞིབ་གཅོད་ལྟེ་གནས་སུ་འབོད་པ་རེད། འདྲི་རྩད་བྱས་པ་བརྒྱུད་ཆིན་ཆེ་གེ་མོ་དང་། ཀྲུའུ་ཆེ་གེ་མོ། ཁྲོའུ་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ཀྲང་ཆེ་གེ་མོ་བཅས་ཀྱིས་ཧ་ཡང་གློག་སྐུད་བརྐུས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

    ཟླ་5ཚེས་11ཉིན། རྫོང་སྤྱི་བདེ་ཅུས་ཀྱིས་ཆིང་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་5ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་འབྲེལ་ལག་ཐོགས་ཁ་པར་5བཙན་ཉར་བྱས་པ་དང་སྦྲགས། ཟླ་5ཚེས་13ཉིན། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟོག་རོ་ཉོ་ཡུལ་གྱི་སྦྱིན་བདག་ཞུས་ལགས་ས་ནས་སྤྱི་རྒྱ་3670ཟིན་པའི་མཐོ་གནོན་ཧ་ཡང་གློག་སྐུད་ཚུར་བླངས་པ་དང་། གོང་དཀར་གནམ་ཐང་གི་ཟོག་རོ་ཉོ་ཡུལ་ཞིག་གི་སྦྱིན་བདག་ཝང་ལགས་ས་ནས་སྤྱི་རྒྱ་142ཟིན་པའི་མཐོ་གནོན་ཧ་ཡང་གློག་སྐུད་ཚུར་བླངས་པས། བརྐུས་པའི་མཐོ་གནོན་ཧ་ཡང་གློག་སྐུད་ཚང་མ་ཚུར་ལེན་ཐུབ་པ་རེད།

    མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།