དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྨར་ཁམས་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲུང་ཆིང་པེ་པེའི་ཉེན་རྟོག་ཕྱོགས་ལ་གཞོགས་འདེགས་བྱས་ནས་ཁ་བསླུས་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་8བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-27


    ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་ཟིལ་གྱིས་མནན་ནས། བདེ་སྲུང་གི་སྤྱི་ཡོངས་དུས་བབ་མུ་མཐུད་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤྱི་བདེ་ཅུས་ཀྱིས་གཙོ་འགན་གཙོ་ལས་ལ་དམིགས་ནས་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་པེ་པེ་ཆུས་ཀྱི་ཉེན་རྟོག་ཕྱོགས་ལ་གཞོགས་འདེགས་ཀྱིས་ཁ་བསླུས་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་8བཟུང་བ་རེད།

    ཟླ་4ཚེས་24ཉིན། སྨར་ཁམས་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་བརྒྱུད་སྐུར་བྱས་པའི་ཁྲུང་ཆིང་གྲོང་ཁྱེར་པེ་པེ་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་འབྲེལ་ཡོད་གཞོགས་འདེགས་ཞིབ་བཤེར་བརྡ་ཁྱབ་ཅིག་འབྱོར། བརྡ་ཁྱབ་འབྱོར་རྗེས་སྨར་ཁམས་རྫོང་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་ཉེན་རྟོག་པ་ཧྲག་འདེམས་བྱས་ཏེ་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང་ནུས་ཤུགས་ཡོད་རྒུས་ཁྲུང་ཆིང་པེ་པེའི་ཉེན་རྟོག་ཕྱོགས་ལ་མྱུལ་ཞིབ་དང་འཛིན་བཟུང་ལས་དོན་སྤེལ་རོགས་བྱས་པ་རེད། ནུས་ཤུགས་ཡོད་རྒུས་འཛིན་བཟུང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱས་ནས་འཐབ་ཐེངས་གཅིག་ལ་འཛིན་བཟུང་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་ཆེད། ས་གནས་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཚན་རྩལ་མྱུལ་ཞིབ་བྱེད་ཐབས་ལ་བརྟེན་པ་དང་དུས་མཚུངས་ཁུངས་སྣེ་སྤེལ་རེས་དང་། ཕྱོགས་ཡོངས་ནས་གསེད་དཀྲོལ། ཕྱོགས་ཡོངས་ནས་བགྲོ་གླེང་བཅས་ཀྱི་བྱ་ཐབས་ལ་བརྟེན་་ནས་གྱོད་འབྲེལ་ཉེས་གསོག་དོགས་ཅན་རོང་མེ་གྲོང་རྡལ་དུ་གབ་ནས་བསྡད་པ་གཏན་འཁེལ་རགས་ཙམ་བྱས་པ་རེད། དེ་རྗེས་རོང་མེ་གྲོང་རྡལ་མངགས་གཏོང་ཁང་གི་ཉེན་རྟོག་པས་མི་སྣ་རྒྱུས་མངའ་ཆེ་བ་དང་། ས་ཆ་རྒྱུས་མངའ་ཆེ་བ། གནས་ཚུལ་རྒྱུས་མངའ་ཆེ་བ་བཅས་ཀྱི་ཆ་རྐྱེན་ལ་བརྟེན་ནས་ལེབ་བཤེར་རྣམ་པའི་གྲལ་བཤེར་དང་འདྲི་རྩད་ལས་དོན་སྤེལ་བ་རེད།

    ཆུ་ཚོད་8འབད་འཐབ་བྱས་པ་བརྒྱུད། ཟླ་4ཚེས་25ཉིན་གྱི་ཆུ་ཚོད་6དང་སྐར་མ་29ཙམ་ལ། ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་གྱོད་འབྲེལ་ཉེས་གསོག་དོགས་ཅན་8བཟུང་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ལག་ཐོགས་ཁ་པར་20དང་ལག་ཐོགས་གློག་ཀླད་2རྩད་ཆོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།