དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-27

    རྐུ་མ།

    གྱོད་གཞི་ཆུང་ངུ་ཞིག་ལས་གྱོད་གཞི་ཆེན་པོ་ཞིག་མངོན་ནས།

    ལྷ་སའི་སྤྱི་བདེ་ཉེན་རྟོག་པས་རྐུན་པོ“རླངས་འཁོར་དུ་འཛུལ་མཁན”ཞིག་རྩད་ཆོད་པ།

    “ངར་བོགས་གཏོང་ཁང་པ་སྟོང་པ་ཞིག་ཡོད། དེར་དུས་རྒྱུན་ནས་མི་མེད་ཀྱང་དེ་རིང་དེར་སྡོད་མཁན་ཞིག་འདུག་པས་མི་དམངས་ཉེན་རྟོག་པས་བརྟག་དཔྱད་གནང་རོགས”ཞེས་ཟླ་6ཚེས་6ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་བོགས་གཏོང་ཁང་པ་ཞིག་གི་སྦྱིན་བདག་ཀྲང་ཆེ་གེ་མོས་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཡན་ལག་ཅུས་གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་སྙན་སེང་ཞུས།

    སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་ས་གནས་ས་ཐོག་ལ་བརྟག་དཔྱད་དང་དཔང་ལེན་གྱི་ལས་དོན་སྤེལ་ཞིང་། ས་གནས་སུ་འབྱོར་སྐབས་སྐྱེས་པ་ཞིག་ཀྲང་ཆེ་གེ་མོས་བཤད་པའི་ཁང་པ་སྟོང་པར་གཉིད་ཉལ་ནས་ཡོད་པ་མི་དམངས་ཉེན་རྟོག་པས་ཤེས་པ་དང་། དེ་རྗེས་མི་དམངས་ཉེན་རྟོག་པས་སྐྱེས་པ་དེ་མངགས་གཏོང་ཁང་ལ་མུ་མཐུད་བརྟག་དཔྱད་བྱེད་པར་ཁྲིད་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། སྐྱེས་པ་དེའི་མིང་ལ་ཏོན་ཆེ་གེ་མོ་ཟེར་བ་དང་། ད་ཆ་དཔལ་འབྱོར་གྱི་ཡོང་ཁུངས་མེད་པའི་ཁར་རྐུ་མ་རྐུ་མྱོང་ཡོད་པ་རེད། བརྟག་དཔྱད་བྱེད་རིང་། མི་དམངས་ཉེན་རྟོག་པས་ཏོན་ཆེ་གེ་མོའི་ལུས་ནས་དངུལ་སྨར་སྒོར་5000ལྷག་ཙམ་དང་། ཁ་པར་3དོན་ཞིང་། ལོ་མང་གྱོད་གཞི་རྩད་གཅོད་ཀྱི་ཉམས་མྱོང་ལ་བརྟེན་ནས་མི་དམངས་ཉེན་རྟོག་པས་རྒྱུ་དངོས་དེ་དག་ཏོན་ཆེ་གེ་མོས་བརྐུས་པ་གཏན་འཁེལ་རགས་ཙམ་བྱུང་བ་རེད།

    མི་དམངས་ཉེན་རྟོག་པས་སེམས་ཁམས་ནས་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན་ཉེས་གསོག་དོགས་ཅན་ཏོན་ཆེ་གེ་མོས་ཟླ་6ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པ་ཙམ་ལ་རྔ་ཆེན་ཟམ་ཆེན་གྱི་ཉེ་འགྲམ་ནས་བྱེས་བགྲོད་རླངས་འཁོར་ནག་པོ་ཞིག་གི་ནང་དུ་འཛུལ་ཏེ་ཁ་པར་བརྐུས་པའི་ནག་ཉེས་ཀྱི་དོན་དངོས་ཁས་བླངས་པ་དང་། ཡང་ཟླ་6ཚེས་4ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་བཅིངས་འགྲོལ་ནུབ་ལམ་གྱི་སྡེ་ཁུལ་ཞིག་ཏུ་རྐུ་ཐབས་དེ་རང་སྤྱད་ནས་བྱེས་བགྲོད་རླངས་འཁོར་དཀར་པོ་ཞིག་ནས་དངུལ་སྨར་སྒོར་7100ལྷག་ཙམ་བརྐུས་པའི་ནག་ཉེས་ཀྱི་དོན་དངོས་ཁས་བླངས་པ་རེད།

    གྱོད་གཞི་དེ་ཉེས་དོན་གྱོད་ཁོངས་སུ་འཇུག་ཆོག་པའི་ཚད་དུ་སླེབས་པར་བརྟེན། ཟླ་6ཚེས་6ཉིན་གྱི་ཆུ་ཚོད་14ཙམ་ལ་སྟོད་ལུང་བདེ་ཆེན་སྤྱི་བདེ་ཡན་ལག་ཅུས་གདོང་དཀར་ཁྲོམ་གཞུང་མངགས་གཏོང་ཁང་གིས་གྱོད་གཞི་དང་ཉེས་གསོག་དོགས་ཅན་དེ་བཅིངས་འགྲོལ་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ལྔ་པའི་ཉེན་དོན་གྱོད་སྒྲུབ་བྱེད་མཁན་ལ་མུ་མཐུད་བརྟག་དཔྱད་དང་ཐག་གཅོད་བྱེད་པར་རྩིས་སྤྲད་པ་རེད།

    རྒྱན་པོ།

    ལྷ་སའི་སྤྱི་བདེ་ཉེན་རྟོག་པས་མི་21བཟུང་ནས་མི་མང་མཉམ་རུབ་ཀྱིས་རྒྱན་པོ་འགྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འཆལ་རྒྱུག་རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི“ཐོག་འབེབས”ཆེད་དོན་བྱ་སྤྱོད་དང་དབྱར་ཁར་རྡུང་རྡེག་ཚ་ནན་བཏང་ནས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལས་དོན་གྱི་བླང་བྱ་ལྟར། རྒྱན་པོ་འགྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་བར་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཁོངས་གཏོགས་ཀྱི་མི་མང་མཉམ་རུབ་ཀྱི་རྒྱན་པོ་འགྱེད་པའི་སྲོལ་ངན་མཐའ་གཅིག་ཏུ་འགོག་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཐོག་འབེབས་བྱ་སྤྱོད་སྤེལ་ཏེ་མི་མང་མཉམ་རུབ་ཀྱི་རྒྱན་པོ་འགྱེད་ཡུལ་ཞིག་རྩ་སློག་བཏང་ནས་རྒྱན་པོ་འགྱེད་མཁན་21བཟུང་བ་དང་རྒྱན་དངུལ་སྒོར་59000ལྷག་ཙམ་གཞུང་བཞེས་བཏང་བ་རེད།

    དཔང་རྟགས་སྔར་བས་ཁུངས་བཙན་རག་པ་དང་གྱོད་གཞིའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱ་ཆེད། མི་དམངས་ཉེན་རྟོག་པས་མཚན་གང་འདྲི་རྩད་བྱས་པ་བརྒྱུད་ཁྲིམས་འགལ་ཉེས་གསོག་དོགས་ཅན་གྱིས་ཤེ་ཆེ་གེ་མོས་ལི་ཆེ་གེ་མོ་སོགས་སྒྲིག་འཛུགས་བྱས་ནས་སེ་ར་ལམ་གྱི་ཇ་འཐུང་སའི་བཅད་ཁང་ཞིག་ཏུ་ཁྲིམས་འགལ་ངང་རྒྱན་པོ་འགྱེད་པ་དང་། དབྱིན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོས་རྒྱན་དངུལ་ནས་འགྲོ་གྲོན་དངུལ་འཐེན་པ། ཁྲེང་ཆེ་མོ་དང་ལིའུ་ཆེ་གེ་མོས་ཐོག་ཁང་གི་ཕྱིར་སོ་ལྟ་བྱས་པ། ཀྲང་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་ཀྱིས་རྒྱན་པོ་འགྱེད་པ་བཅས་ཀྱི་ཁྲིམས་འགལ་གྱི་དོན་དངོས་ཁས་བླངས་པ་རེད།

    མིག་སྔར། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱན་པོ་འགྱེད་མཁན་གྱི་ཁྲིམས་འགལ་ཉེས་གསོག་དོགས་ཅན་21ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པ་རེད།

    ཁ་བསླུས།

    གཱ་ལ་དངུལ་མེད་པས་ཁ་བསླུས་རྒྱག་མི་ཐུབ་སྙམ་པའི་གཞིས་རྩེའི་བུད་མེད་གཅིག་ལ་གྱོན་གུན་སྒོར་ཁྲི་8ཕོག་གྲབས་བྱས་པ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་10ཉིན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཉི་ཆེ་གེ་མོར་ཅིན་ཏུང་ཞབས་ཞུ་བར་རྫུ་མཁན་ཞིག་གིས་ཅིང་ཏུང་གི་ཅ་དངོས་ཉོ་སའི་APPནས“ཅིང་ཏུང་གསེར་ལེབ”ཀྱི་ཞབས་ཞུ་ཁ་ཕྱེ་བ་མ་ཟད། ཉི་ཆེ་གེ་མོའི་མིང་ཡོད་པའི་བཟོ་ཚོང་དངུལ་ཁང་གི་གཱ་དེ“དྲ་ཐོག་ནས་དངུལ་གཡར་བའི་གྲོས་མཐུན”དང་སྦྲེལ་འདུག་ཅེས་བཤད། ཉི་ཆེ་གེ་མོས་ལས་སྟེགས་དེ་ནས་དངུལ་གཡར་མེད་སྟབས་དོན་དེར་ཁ་ཡ་བྱས་མེད། དེ་ནས་ཡང་ཕ་རོལ་གྱིས་ཉི་ཆེ་གེ་མོར་ད་ལྟ་རིན་པ་མི་དགོས་པར་གཱ་དེ་འབྲེལ་མེད་བཟོ་ཆོག གལ་སྲིད་དེ་མེད་པར་མ་བཟོས་ཚེ་ཟླ་རེར་འགྲོ་ལུགས་གཉེར་བའི་འགྲོ་གྲོན་འཐེན་ཕྱིན་སྒེར་གྱི་ཡིད་རྟོན་ལ་སྐྱོན་ཐེབས་ཚུལ་བཤད།

    ཡིད་རྟོན་ལ་སྐྱོན་ཐེབས་པར་དོགས་པའི་ཉི་ཆེ་གེ་མོས་ཡིད་ཆེས་ལ་མ་ཆེས་ངང་ཕ་རོལ་གྱིས་བཤད་པ་ལྟར་ཁ་པར་ནས་ཕ་རོལ་གྱིས་བཤད་པ་བཞིན་ཚོགས་འདུའི་མཉེན་ཆས་ཤིག་ཕབ་པ་དང་། ཐོ་བཀོད་རྗེས་ཁ་པར་གྱི་ངོས་ཤེལ་མཉམ་སྤྱོད་ཀྱི་བྱེད་ནུས་སྤྱད། དེ་ནས་ཕ་རོལ་གྱིས་ཁ་པར་གྱི་ངོས་ཤེལ་མཉམ་སྤྱོད་བྱེད་ནུས་ལ་བརྟེན་ནས་ཉི་ཆེ་གེ་མོའི་ཁ་པར་གྱི“བཟོ་ཚོང་དངུལ་ཁང”ནས་དངུལ་གཡར་བའི་བྱེད་ནུས་ཁ་ཕྱེ་སྟེ་དངུལ་བུན་སྒོར་ཁྲི་8གཡར་བ་མ་ཟད། དངུལ་དེ་དག་ཕ་རོལ་གྱིས་སྤྲད་པའི་དངུལ་ཁང་གཱའི་རྩིས་ཁྲར་སྒྱུར་དགོས་པ་དང་། དེ་ལྟར་སྒྱུར་ཚེ་དངུལ་བུན་གཡར་བ་དག་འཇལ་བ་དང་མཚུངས་པར་བཤད་པ་མ་ཟད། དེ་ལྟར་བྱས་པས་དངུལ་སྒྱུར་བའི་ཟིན་ཐོ་ཡོད་པས་ཕ་རོལ་གྱིས་ཉི་ཆེ་གེ་མོས“དྲ་ཐོག་ནས་དངུལ་གཡར་བའི་གྲོས་མཐུན”དེ་མེད་པར་བཟོ་ཐུབ་ནས་གྱོང་གུན་གང་ཡང་མི་ཕོག་ཅེས་བཤད།

    དེའི་ཚེ། ཉི་ཆེ་གེ་མོས་གློ་བུར་དུ་དུས་རྒྱུན་མི་དམངས་ཉེན་རྟོག་པས་ཁ་བསླུས་འགོག་པའི་ནང་དོན་དྲིལ་བསྒྲགས་བྱས་པ་དྲན་པའི་ཁར་ཕ་རོལ་གྱི་རྣམ་འགྱུར་ཤིན་ཏུ་ངན་པ་དང་སྐད་ཆ་ཤོད་སྐབས་སེམས་འཚབ་ནས་ཡིད་རྟོན་ལ་སྐྱོན་རྒྱག་ཚུལ་ཡང་ཡང་གླེང་བར་བརྟེན། ཉི་ཆེ་གེ་མོས་རང་ཉིད་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་འདུག་སྙམ་སྟེ། དངངས་སྐྲག་ཆེན་པོ་ལངས་ནས་འཕྲལ་མར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྤྱི་བདེ་ཅུས་གྲོང་ནུབ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་རོགས་སྐྱོར་རེ་འདུན་ཞུས་པ་རེད།

    གནས་ཚུལ་དེ་ཤེས་རྗེས། མི་དམངས་ཉེན་རྟོག་པས་ཉི་ཆེ་གེ་མོར་འཕྲལ་མར་ཕ་རོལ་དང་འབྲེལ་བ་བྱེད་མི་ཉན་པ་དང་འབྲེལ་ཡོད་ཀྱི་APPསུབ་དགོས་པ་མ་ཟད། གློག་འཕྲིན་ཁ་བསླུས་ཀྱི་མགོ་སྐོར་གཏོང་སྟངས་ཉི་ཆེ་གེ་མོར་འགྲེལ་བཤད་ཞིབ་ཕྲ་བྱས་ནས་ཆ་རྒྱུས་མེད་པའི་མིར་དངུལ་སྐུར་རྒྱུ་མེད་པ་དང་། ལས་སྟེགས་ག་གེ་མོའི་ཞབས་ཞུ་བ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ། སྡེ་ཚན་གྱི་འགོ་ཁྲིད་སོགས་ལ་བརྫུས་ཏེ་ཁ་པར་བརྒྱབ་ནས་གནས་ཚུལ་སྣ་ཚོགས་རྫུན་མ་བཟོས་ཏེ་དངུལ་སྐུར་དགོས་པའི་རེ་བ་བཏོན་པར་ཡིད་ཆེས་གཏན་ནས་བྱ་མི་རུང་བའི་དྲན་སྐུལ་བྱས།

    གྲོང་ནུབ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གཱ་ལ་དངུལ་མེད་ན་ཁ་བསླུས་ཐེབས་མི་སྲིད་སྙམ་ཡང་ཁ་བསླུས་རྒྱག་མཁན་གྱིས་དངུལ་མེད་མཁན་ས་ནས་ཁ་བསླུས་ལས་སླ་མོར་རྒྱག་ཐུབ་ཀྱི་ཡོད། ཁ་བསླུས་རྒྱག་མཁན་གྱིས་དངུལ་བུན་གཏོང་བའི་ལས་སྟེགས་ཀྱི་ཞབས་ཞུ་བ་ཡིན་ཁུལ་གྱིས“དྲ་ཐོག་ནས་དངུལ་གཡར་བའི་གྲོས་མཐུན”མེད་པ་བཟོ་རོགས་བྱེད་པར་ཁ་གཡར་ནས་གནོད་འཚེ་ཕོག་མཁན་གྱི་ཡིད་ཆེས་འཐོབ་ཐབས་བྱེད་པ་དང་། དེ་ནས་གནོད་འཚེ་ཕོག་མཁན་གྱིས་དངུལ་གཡར་སའི་ལས་སྟེགས་ལ་རྒྱུས་མངའ་མེད་པར་བརྟེན་ཁ་པར་གྱི་ངོས་ཤེལ་མཉམ་སྤྱོད་བརྒྱུད་གནོད་འཚེ་ཕོག་མཁན་གྱིས་ལས་སྟེགས་ཆེན་པོ་ཁག་ནས་དངུལ་གཡར་དུ་བཅུག་སྟེ་དངུལ་བུན་དེ་དག་གནོད་འཚེ་ཕོག་མཁན་གྱིས་འཇལ་དུ་འཇུག་གི་ཡོད། རྒྱ་ཆེའི་མང་ཚོགས་ཀྱིས་རང་ཉིད་ལ་དངུལ་མེད་པས་ཁ་བསླུས་རྒྱག་མི་སྲིད་སྙམ་ཡང་དངུལ་སྨར་མེད་ཀྱང་ཡིད་རྟོན་དངུལ་བུན་གཡར་དུ་འཇུག་པ་ནི་ཁ་བསླུས་རྒྱག་ཐབས་ཤིག་རེད་ཅེས་ངོ་སྤྲོད་བྱས།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།