དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས།

    གཞོན་ནུ་ལོ་ཆུང་ལ་ཞིབ་དཔྱོད་ཁང་སྒོ་མོ་འབྱེད་པའི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-23

    གསར་དུ་བཟོ་བཅོས་བརྒྱབ་པའི《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་དང་བརྩེ་བ་མཉམ་སྐྱོད་ཀྱིས། ཐུན་མོང་ཐོག་སློབ་མར་སྲུང་སྐྱོང་བྱེད”ཅེས་པའི་ཞིབ་དཔྱོད་ཁང་སྒོ་མོ་འབྱེད་པའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བཞུགས་མོལ་སྤེལ་རེས་དང་། 《ཞིབ་དཔྱོད་འགན་ནུས་ཀྱི་ངོ་སྤྲོད་མདོར་བསྡུས་དང་ལས་སྒོ་ཆེན་པོ་བཅུ་བསྟུད་མར་ལྟ་བའི》དྲིལ་བསྒྲགས་པར་གཞི་བསྟན་པ། ཁྲིམས་སྐྱོང་ཤེས་བྱ་ལེན་འདེབས་བྱ་དགའ་སོགས་ཀྱི་བྱེད་ཐབས་བརྒྱུད་བྱེད་སྒོར་ཞུགས་མཁན་ལ་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་ནུས་དང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ངོ་སྤྲོད་ཞིབ་ཚགས་བྱས་པ་མ་ཟད། སློབ་མ་དང་ཁྱིམ་བདག་ལ་དྲིལ་བསྒྲགས་ལག་དེབ་དང“བྱིས་པའི་དུས་ཆེན”གྱི་ཞིབ་དཔྱོད་ལག་རྟགས་སྤྲད་ནས་ན་སོ་དར་ལ་མ་བབས་པའི་སློབ་མས་ཁྲིམས་སྐྱོང་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་པ་རེད།

    བྱེད་སྒོར་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་ཞིབ་དཔྱོད་བཅའ་ཁྲིམས་དྲིལ་བསྒྲགས་དང་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་ནས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་བ་རེད། སློབ་མའི་འཐུས་མིས་ཁྲིམས་སྐྱོང་ལག་ལེན་བྱེད་སྒོ་སྤེལ་བ་དེས་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀའི་འགན་ནུས་དངོས་འབྲེལ་ཚོར་ཐུབ་པ་བྱུང་བ་མ་ཟད། ཁྲིམས་སྐྱོང་གི་ཤེས་བྱ་ཡང་ཟབ་ཏུ་ཕྱིན་སོང་། དེ་ནི་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཡག་པོ་ཞིག་རེད་ཅེས་བཤད།

    ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཞུགས་པའི་རྒྱུད་རིམ་རང་བཞིན་གྱི་འདུ་འགོད་ཅིག་རེད། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིབ་དཔྱོད་ཁང་གིས་མུ་མཐུད་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་མཐོ་རུ་བཏང་སྟེ་ཆབ་མདོའི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།