དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་གྲོང་ཁྱེར་གྱིས།

    “བཅའ་ཁྲིམས་སྒྲོག་འགྲེལ་བ”4000 ལྷག་ཙམ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    “བཅའ་ཁྲིམས་སྒྲོག་འགྲེལ་བ”གསོ་སྦྱོང་བྱེད་པའི་འདུ་འགོད་ལག་བསྟར་གཏིང་ཟབ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། “བཅའ་ཁྲིམས་སྒྲོག་འགྲེལ་བས”གཞི་རིམ་མང་ཚོགས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་སྣེ་ཁྲིད་བཅས་བྱ་ཆེད། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་གྱིས“བཅའ་ཁྲིམས་སྒྲོག་འགྲེལ་བའི”གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་གྲོང་ཁྱེར་ཡོངས་ཀྱི“བཅའ་ཁྲིམས་སྒྲོག་འགྲེལ་བ”4000ལྷག་ཙམ་བརྙན་ལམ་འབྲེལ་མཐུད་ལ་བརྟེན་ནས་གསོ་སྦྱོང་ལ་ཞུགས་པ་རེད།

    གསོ་སྦྱོང་ལ་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ལས་དང་གྲོང་གསེབ་ཅུས། བོད་ལྗོངས་གངས་རིའི(གཞིས་རྩེ)ཁྲིམས་རྩོད་པའི་ལས་དོན་ཁང་བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་སྒོའི་རྐང་འཛིན་པ་དང་ཆེད་ལས་ཁྲིམས་རྩོད་པ་བཅས་ཀྱིས་སློབ་ཁྲིད་བྱས་ཤིང་། གསོ་སྦྱོང་བྱེད་སྐབས་གོ་བདེ་ཤེས་སླར་བརྟེན་ནས་མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ཁྱིམ་ཚང་དོན་ཚན་དང་། ཕྱིར་གླ་པ་རྒྱུག་མཁན་གྱིས་གན་རྒྱ་འཇོག་པ། ཁང་སའི་སྒྲིག་འགལ་རྩོད་གཞི། འགྱངས་ཆད་གཉིས། གཞི་རིམ་གྱི་འདུམ་འགྲིག་ལས་དོན་སོགས་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དང་དེ་བཞིན“བཅའ་ཁྲིམས་སྒྲོག་འགྲེལ་བའི”འགན་འཁྲི་དང་ལས་འགན་སོགས་ལ་དམིགས་ནས་གསོ་སྦྱོང་ལ་ཞུགས་མཁན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ། མཛུབ་ཁྲིད་ཀྱི་རང་བཞིན་ཆེ་བ། མང་ཚོགས་དང་ཉེ་བཅར། གཞི་རིམ་དང་ཉེ་བཅར་ཐུབ་པ་བཅས་བྱས་པས། གསོ་སྦྱོང་ལ་ཞུགས་མཁན་གྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།

    “ད་ཐེངས་གྲོང་ཁྱེར་ཡོངས་ཀྱི‘བཅའ་ཁྲིམས་སྒྲོག་འགྲེལ་བ’མཉམ་དུ་གསོ་སྦྱོང་བྱས་པར་བརྟེན་ཁོ་ཚོས་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་དང་། བཅའ་ཁྲིམས་ཀྱི་ཞབས་འདེགས་ཁྲིད་སྟོན། འགལ་ཟླ་དང་རྩོད་གཞིར་འདུམ་སྒྲིག སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པ་བཅས་ཀྱི་ལས་སྒོའི་འཇོན་ཐང་ཆེ་རུ་ཕྱིན་པ་མ་ཟད། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་རྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་དེ་གྲོང་གསེབ་དར་རྒྱས་ཀྱི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་ཕྱིན་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།