དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་སིལ་ཚོང་ཚོང་དུད་ཀྱི་གཉེར་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས་ཐ་མག་སིལ་ཚོང་ཚོང་དུད་ལ་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཕྱོགས་བསྡུས་ལྟ་ཞིབ་ཁོའོ་ཡི་ལས་དོན་པ་ལས་གྲུབ་པའི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་ཞབས་འདེགས་རུ་ཁག་ཐ་མག་ཚོང་སར་བསྐྱོད་དེ་ཚོང་དུད་ལ《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དྲིལ་བསྒྲགས་དེབ་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཐ་མག་འཚོང་མཁན་ཚོས་ཁྲིམས་སྲུང་འདུ་ཤེས་བརྟན་པོར་བཙུགས་ནས། ན་སོ་དར་ལ་མ་བབས་པའི་མིར་ཐ་མག་མི་འཚོང་བའི་འགན་ལེན་བྱས་པ་རེད།

    འདི་ནི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།