སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།
གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་པ།
ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་ཐལ་རླུང་འཚུབ་པ་དང་། གངས་འབབ་པ། སྨུག་པ་འཁྲིག་པ་སོགས་ཀྱི་གནམ་གཤིས་ངན་པ་ཡང་སེ་བསྟན་ནས་འགྲིམ་འགྲུལ་གྱི་ལམ་དུམ་གཙོ་བོ་ཁག་གི་མཐོང་ཚད་དམའ་རུ་ཕྱིན་པ་དང་མཚན་མོར་ཁ་བ་བུ་ཡུག་འཚུབ་པར་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་མ་ཐོན་སྔོན་འགོག་བྱ་ཆེད། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དུས་ཐོག་ཏུ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། སྐོར་གཡེང་བྱས་པ་མ་ཟད། གནམ་གཤིས་ངན་པའི་སྐབས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པས། ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་གཏོང་བཅས་ཐུབ་ཡོད།
ལས་དོན་སྒྲུབ་རིང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལམ་ངོས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་། གནམ་གཤིས་སྔོན་བརྡ་དང་ལམ་ངོས་སུ་འཁྱག་པ་ཐེབས་ཚུལ་དང་གངས་བབས་ཚུལ་སོགས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། ཉེན་ཟོན་གྱི་བྱང་བུ་འཛུགས་པ། ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་སྐོར་གཡེང་དང་གནས་གཏན་འཁེལ་གྱི་ལས་སྒྲུབ་སོགས་ཀྱི་འཕྲལ་སྡོམ་བྱ་ཐབས་སྤྱད་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བས་གནམ་གཤིས་ངན་པ་སྟོན་སྐབས་མང་ཚོགས་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་གང་ཐུབ་བྱས་པ་རེད།