དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་སའི་མི་དམངས་ཉེན་རྟོག་པ་གཉིས་ལ་དག་སེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    འདི་ནི་ལྷ་སའི་མི་དམངས་ཉེན་རྟོག་པ་གཉིས་ལ་དག་སེལ་ཡི་གེ་སྤྲོད་བཞིན་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་མི་དམངས་ཉེན་རྟོག་པའི་དག་སེལ་ཚོགས་འདུ་འཚོགས་པ་དང་། 《ཁེ་དབང་སྲུང་སྐྱོང་གི་དག་སེལ་ཡི་གེ》རག་པའི་མི་དམངས་ཉེན་རྟོག་པ་གཉིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“རྩ་འཛུགས་ཀྱིས་ང་རང་ལ་དག་སེལ་བྱས་པས་ངའི་སེམས་ཁྲལ་བསལ་སོང”ཞེས་བཤད།

    ཟླ་5ཚེས་24ཉིན། ལི་ཆེ་གེ་མོས་དྲ་རྒྱའི་ལས་སྟེགས་ཤིག་ཏུ“མི་དམངས་ཉེན་རྟོག་པས་འགན་འཁྲི་ཡག་པོ་མ་བསྒྲུབས་པ་མ་ཟད། ང་ལ་མཐོང་ཆུང་དང་དམའ་འབེབས་བྱས་བྱུང་བས། བདེན་པའི་རྒྱབ་ལངས་བྱེད་རོགས”ཞེས་བརྙན་ཐུང་ཞིག་བསྐུར་བ་རེད། ཟླ་5ཚེས་25ཉིན། ཀྲའོ་ཆེ་གེ་མོས་མི་དམངས་ཉེན་རྟོག་པས་ལས་དོན་སྒྲུབ་སྐབས་དྲང་པོ་དྲང་བཞག་མ་བྱས་པའི་སྐོར་ལ་ཞུ་གཏུག་བརྒྱབ་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། དོན་རྐྱེན་དེ་གཉིས་དོན་དངོས་དང་མ་མཐུན་པ་ཞིག་རེད། དེས་ན《ཁེ་དབང་སྲུང་སྐྱོང་གི་དག་སེལ་ཡི་གེ》མི་དམངས་ཉེན་རྟོག་པའི་ལག་ཏུ་སྤྲོད་སྐབས་མི་དམངས་ཉེན་རྟོག་པའི་སེམས་ཁྲལ་རྦད་དེ་བསལ་ཡོད།

    སྤྱི་བདེ་པུས《སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པའི་ཁྲིམས་སྒྱུར་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་ལས་དོན་གཏན་འབེབས》ཁྱབ་བསྒྲགས་བྱས་ཚུན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཏང་ཨུད་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། དཔུང་ཁག་གི་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། མི་དམངས་ཉེན་རྟོག་པའི་ཁྲིམས་སྒྱུར་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་ཐད་ཤུགས་རྒྱུན་མཐུད་བརྒྱབ་སྟེ། མི་དམངས་ཉེན་རྟོག་པ་ཚང་མས་ནན་པོ་དང་། ཡ་རབས། ཚད་ལྡན། དྲང་བཞག་བཅས་ཀྱི་ཁྲིམས་སྒྱུར་བྱེད་རིང་སྲ་ཞིང་བརྟན་པའི་དཔུང་ཁག་ཡོད་པ་ཚོར་བར་བྱས་པ་མ་ཟད། མི་དམངས་ཉེན་རྟོག་པས་རང་འགན་ཐེག་པ་འཁུར་ལེན་ལ་ལྕག་སྐུལ་ཡང་བྱས་ནས་ལས་རིགས་ཀྱི་གཟི་བརྗིད་ཀྱི་སེམས་པ་དང་ཁོངས་སུ་གཏོགས་སེམས་ཆེ་རུ་ཏན་ཏིག་བཏང་ཡོད།

    ཟླ་6ཚེས་7ཉིན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཏང་ཨུད་ཀྱི་ཆོག་མཆན་དང་མོས་མཐུན་ཐོབ་པ་བརྒྱུད། ཅུས་དེའི་ཏང་ཨུད་ཨུ་ཡོན་ལན་ཕིང་གླིང་ཕྲན་གཉིས་མངགས་གཏོང་ཁང་དུ་བསྐྱོད་དེ་དོན་དངོས་མིན་པའི་ཞུ་གཏུག་ཕོག་པའི་མི་དམངས་ཉེན་རྟོག་པ་གཉིས་ལ《ཁེ་དབང་སྲུང་སྐྱོང་གི་དག་སེལ་ཡི་གེ》སྤྲད་པས། མི་དམངས་ཉེན་རྟོག་པའི་ཁྲིམས་སྒྱུར་དབང་གྲགས་སྲུང་སྐྱོང་ནུས་ལྡན་ཐུབ་པ་རེད།

    ཉེ་བའི་ལོ་ཤས་རིང་། དོན་དངོས་མིན་པའི་ཐེར་འདོན་གྱི་སྣང་ཚུལ་གཞི་རིམ་དུ་ཡང་སེ་ཐོན་སྟབས་གཞི་རིམ་མི་དམངས་ཉེན་རྟོག་པ་འགའ་རེ་ལས་དོན་ཡག་པོ་སྒྲུབ་མི་ཐུབ་པ་མ་ཟད། ལས་དོན་སྒྲུབ་པའི་ཧུར་སེམས་ཀྱང་དེ་ཙམ་ཆེན་པོ་མེད་པས། ཉེན་དོན་ལྟ་བཤེར་རུ་ཆེན་གྱིས《སྤྱི་བདེ་ལས་ཁུངས་ཀྱི་ལྟ་བཤེར་སྲོལ་ཡིག》དང《སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པའི་ཁྲིམས་སྒྱུར་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་གཏན་འབེབས》སོགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་མི་དམངས་ཉེན་རྟོག་པའི་ཁེ་དབང་སྲུང་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག ཁེ་དབང་སྲུང་སྐྱོང་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་འབྲེལ་གཏུག་དམ་ཟབ་བྱས་ནས། མཉམ་དུ་ཞིབ་འཇུག་བརྡར་ཤ་བཅད་དེ་གྱོད་གཞིའི་ལྟ་བཤེར་གྱི་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་ཡོད། 2022ལོ་ཚུན་དུ། མི་དམངས་ཉེན་རྟོག་པ་13ལ་དག་སེལ་བྱས་པ་དང་། མ་ཉེས་ཁག་གཡོགས་བྱེད་མཁན་4ལ་ཞིབ་བཤེར་ཐག་གཅོད་བྱས་པ། མ་ཉེས་ཁག་གཡོགས་བྱེད་མཁན་9ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།