བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་ལོ་ཕྱེད་ཀྱི་དམག་དོན་སྦྱོང་བརྡར་ལ་དཔྱད་ཞིབ་བྱེད་འགོ་ཚུགས་པ།
པར་འདི་གཉིས་ནི་ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་ལོ་ཕྱེད་ཀྱི་དམག་དོན་སྦྱོང་བརྡར་ལ་དཔྱད་ཞིབ་བྱ་ཡུལ་ཡིན་པ།
དཔོན་དམག་གིས་དམག་མི་བྱས་ནས་དམག་རྒྱག་པ་དང་། དམག་མི་ཁྲིད་དེ་དམག་རྒྱག་པ། དམག་སྦྱོང་བྱས་ནས་དམག་རྒྱག་པ་བཅས་ཀྱི་ནུས་པ་དང་བྱང་ཚད་དང་སྦྱོང་བརྡར་ཆུ་ཚད་ལ་ཞིབ་དཔྱད་བྱ་ཆེད། ཉེ་ཆར། བོད་ལྗོངས་ཆབ་མདོ་དམག་ཁུལ་ཡན་ལག་ཁང་གིས་ལོ་ཕྱེད་ཀྱི་དམག་དོན་སྦྱོང་བརྡར་ལ་དཔྱད་ཞིབ་བྱེད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དམག་ཁུལ་ཡན་ལག་ཁང་དེས་དམག་མི་སྟོབས་ཆེར་གཏོང་བར་སྔོན་ལ་དཔོན་དམག་སྟོབས་ཆེར་གཏོང་བ་དང་། དམག་མིར་དཔྱད་ཞིབ་བྱེད་པར་སྔོན་ལ་དཔོན་དམག་ལ་དཔྱད་ཞིབ་བྱེད་པ། གཞི་རིམ་ལ་དཔྱད་ཞིབ་བྱེད་པར་སྔོན་ལ་ལས་ཁུངས་ལ་དཔྱད་ཞིབ་བྱེད་པ་བཅས་ཀྱི་སྟོན་ཕྱོགས་གསལ་པོ་བཏོད་དེ། དམག་ཁུལ་ཡན་ལག་ཁང་གི་འགོ་འཛིན་ལས་ཁུངས་ནས་འགོ་འཛུགས་ཏེ་དཔྱད་ཞིབ་བྱས་ནས་ཏང་ཨུད་ཀྱི་རྒྱུན་ཨུ་ཡིས་སྔོན་ལ་སྣེ་ཁྲིད་དེ་མིག་དཔེ་བཏོན་ཡོད། ད་ཐེངས་དཔྱད་ཞིབ་བྱེད་སྐབས《དམག་དོན་སྦྱོང་བརྡར་གྱི་རྩ་གནད》ཀྱི་ཚད་ལྡན་བླང་བྱ་གཞིར་བཟུང་སྒྲིག་འཛུགས་ནན་པོས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་པའི་བཀོད་འདོམས་ཐབས་ཇུས་དང་། ཆེད་ལས་རྩལ་ནུས། དམག་དོན་ལུས་རྩལ། མེ་མདའ་དངོས་འཕེན་པ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་རེད། རྒྱུགས་དཔོན་གཙོ་བོ་དང་། རྒྱུགས་རའི་ལྟ་ཞིབ་དཔོན། སྒྲིག་ལམ་ལྟ་སྐུལ་པ་བཅས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ནས་བརྒྱུད་རིམ་ཧྲིལ་པོ་བརྙན་དུ་ཕབ་པ་དང་། ཡུལ་དངོས་སུ་མིང་འགོད་པ། སྦྱངས་འབྲས་ཡོངས་བསྒྲགས་བཅས་བྱས་ཏེ། དཔྱད་ཞིབ་དྲང་གཞག་དྲང་བདེན་དང་ཡོངས་བསྒྲགས་ཡོང་བའི་འགན་ལེན་བྱས་ནས། འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་དམག་དོན་བྱང་ཚད་དངོས་ལ་ཞིབ་དཔྱད་བྱས་པ་རེད།